བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀུ་ཤུ་བཟོ་ཚོང་ཁང་ལ་ངོ་རྒོལ།

Your browser doesn’t support HTML5

༄༅།། ཟླ་བ་འདིའི་ཕྱི་ཚེས་༢༦་ཉིན་ཀུ་ཤུ་བཟོ་ཚོང་ཁང་གི་མ་ཤེར་བདག་པོ་རྣམས་ཀྱི་ལོ་རེའི་ཚོགས་འདུ་འཚོགས་བཞིན་པའི་དུས་སྐབས་དང་བསྟུན། བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གཞུང་གིས་གནས་ཚུལ་བཀག་སྡོམ་བྱེད་པའི་སྲིད་ཇུས་ལ་ཀུ་ཤུ་བཟོ་ཚོང་ཁང་གིས་མཐུན་འགྱུར་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་ཀུ་ཤུ་བཟོ་ཚོང་ཁང་ཆེ་ཤོས་དེའི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར། རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།