རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གུ་རུ་འབུམ་ཚོགས།

Your browser doesn’t support HTML5

འདས་པའི་ལོ་ཤས་ནས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བོད་བསྟན་སྲིད་དང་རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་ཆེད་དུ་མ་ཧ་གུ་རུའི་འབུམ་ཚོགས་འཚོགས་རྒྱུ་འགོ་ཚུགས་ཡོད་ཅིང་། བདུན་ཕྲག་འདིར་ནིའུ་ཡོག་ཏུ་བརྟེན་གཞི་བྱས་པའི་གནས་ཆུང་གྲྭ་ཚང་གིས་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་གའི་སྒོ་ནས་གུ་རུའི་འབུམ་ཚོགས་ཚོགས་པར་གནས་ཆུང་སྐུ་རྟེན་དབུ་བཞུགས་ཀྱིས་གྲྭ་བཙུན་དང་མང་ཚོགས་བཅས་པ་མཉམ་ཞུགས་གནང་འདུག་པའི་སྐོར།