ཧོང་ཀོང་གི་ངོ་རྒོལ་དྲག་སྤྱོད་ཀྱི་ངོ་བོར་འགྱུར་བཞིན་པ།

Your browser doesn’t support HTML5

ཧོང་ཀོང་ས་གནས་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་མུ་མཐུད་དུ་བྱུང་ནས་ཟླ་བ་གཉིས་ལྷག་འགྲོ་བཞིན་ཡོད་ཅིང་། ཕྱི་ཟླ་༨་པའི་ཚེས་༢༥་སྟེ། རེས་གཟའ་ཉི་མའི་ཉིན་ཧོང་ཀོང་གི་ཉེན་རྟོག་པ་ཚོས་ཆུ་མདའ་བརྒྱབ་ནས་མི་མང་ངོ་རྒོལ་བ་རྣམས་འགོག་ཐབས་བྱས་པར་མི་མང་གིས་རླངས་སྣུམ་གྱི་འབར་མདེལ་འཕངས་ཏེ་རྒོལ་ལན་སློག་ནས་དྲག་ཟིང་ཆེན་པོ་བྱུང་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།