ཀིམ་དང་ཕུ་ཀྲིན་གྱི་ཐུག་འཕྲད།

ཨུ་རུ་སུའི་དམག་གིས་ཡུཀ་རེན་ཁེ་རན་གྱི་ཤར་ཕྱོགས་སུ་ནང་འཁྲུག་སློང་བ་དང་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག ད་དུང་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་ཏོགས་བྱས་ཡོད་པ་བཅས་ཀྱིས་ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་བར་གྲང་དམག་འཁོན་འཛིང་གི་རྣམ་པ་མངོན་པར་མ་ཟད། གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གཉིས་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་དེས་ས་ཁུལ་དེར་ཕུ་ཀྲིན་གྱི་ཤུགས་རྐྱེན་ཇེ་ཆེར་འགྲོ་ངེས་ཡིན་པ་དང་། བྱང་ཀོ་རི་ཡ་ཨ་རི་དང་ཨུ་རུ་སུའི་འགལ་ཟླའི་བར་དུ་ཐུན་མོང་གི་བརྗོད་གཞི་ཞིག་ཏུ་འགྱུར་ངེས་རེད་ཅེས་ཚོད་དཔག་བྱེད་བཞིན་པ་བཅས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

Your browser doesn’t support HTML5

པཎ་ཆེན་སྐུ་ཕྲེང་༡༡་པའི་ཞལ་རས་འགྱུར་ལྡོག་གི་ཚོད་དཔག