རྒྱ་ནག་གིས་ཕྱི་ནང་གཉིས་ལ་བཙན་གནོན།

༄༅།། ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་གནད་ཡོད་འཐུས་མི་ཊོམ་ཀོ་ཊན་གྱིས་ཞིན་ཅང་གི་གནས་སྟངས་ལ་གཏམ་བཤད་ཅིག་བྱས་ཡོད་ཅིང་། ཁོང་གིས་རྒྱ་ནག་གཞུང་གིས་ཞིན་ཅང་དང་བོད་ལ་བཙན་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པ་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་བཙན་གནོན་གྱི་སྲིད་ཇུས་དེ་རྣམས་རྒྱ་ཡན་དུ་བཏང་ཚེ། ནམ་ཞིག་རྒྱ་ནག་གི་བཙན་གནོན་སྲིད་ཇུས་དེ་རྣམས་ཕྱིའི་རྒྱལ་ཁབ་ཁག་ལའང་ལག་ལེན་བསྟར་རྒྱུ་རེད་ཅེས་གསུངས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཡུན་རིང་ནས་རྒྱལ་སྤྱིའི་སྤྱི་ཚོགས་འདི་ཉིད་ཁྲིམས་མེད་ལུགས་མེད་ཅིག་ལ་འགྱུར་དུ་འཇུག་རྒྱུའི་ངན་སེམས་འཆང་ཡོད་ཅེས་གསུངས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

Your browser doesn’t support HTML5

རྒྱ་ནག་གིས་ཕྱི་ནང་གཉིས་ལ་བཙན་གནོན།