རྒྱལ་ཁབ་༧༠་ལྷག་གི་ཆོས་ཞུ་བ་འདུ་འཛོམས།

Your browser doesn’t support HTML5

རྒྱལ་ཁབ་༧༠་ལྷག་གི་ཆོས་ཞུ་བ་འདུ་འཛོམས།

དེང་སྐབས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་གནང་བཞིན་ཡོད་ཅིང་། ཕྱི་ཚེས་༢༨་ནས་ཉིན་གསུམ་རིང་དུ་ཉེ་བརྒྱུད་འཇམ་དབྱངས་ཆོས་འཁོར་གྱི་གསུང་ཆོས་དབུ་འཛུགས་གནང་ཡོད་པར་མ་ཟད། ༧གོང་ས་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བ་བཅུ་པ་མཆོག་དགོངས་པ་མྱ་ངན་ལས་འདས་ནས་ལོ་༣༠་འཁོར་གྱི་ཡོད་པའི་རྗེས་དྲན་མཛད་སྒོའི་ཐོག་ཏུ་རྒྱལ་བ་ཡབ་སྲས་ཀྱི་འབྲེལ་བ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྗེས་སོགས་ལས་དྲངས་པའི་བཀའ་སློབ་ཟབ་རྒྱས་ཤིག་གནང་ཡོད་པ་དང་། ད་ལོ་རྡོ་རྗེ་གདན་གྱི་གསུང་ཆོས་དེར་འཛམ་གླིང་རྒྱལ་ཁབ་༢༠་ལྷག་གི་ཆོས་ཞུ་བ་ཁྲི་གསུམ་ལྷག་འདུ་འཛོམས་བྱུང་ཡོད་པ་བཅས་ཀྱི་སྐོར། གནས་མཆོག་རྡོ་རྗེ་གདན་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

Your browser doesn’t support HTML5

༸པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་༣༠་འཁོར་བའི་རྗེས་དྲན།