རྒྱ་རིགས་ཁ་ཆེ་བར་དམ་དྲག་བྱེད་བཞིན་པ།

Your browser doesn’t support HTML5

༄༅།།རྒྱ་ནག་ཀན་སུའུ་ཞིང་ཆེན་གྱི་ཁོངས་གཏོགས་ལིན་ཞྭ་ཧེ་རིགས་རང་སྐྱོང་ཁུལ་གྱི་རྒྱ་རིགས་ཁ་ཆེ་བའི་ས་ཆ་ཁག་ཏུ། ལོ་ན་༡༦་མན་གྱི་ན་གཞོན་ཚོ་ཁ་ཆེའི་ཆོས་ཁང་ལ་བསྐྱོད་མི་ཆོག་པ་དང་ཁ་ཆེའི་གསུང་རབ་ཀཱོ་རེན་སློབ་སྦྱོང་བྱེད་མི་ཆོག་པ། ལོ་ན་༡༦་ཡན་གྱི་མི་རྣམས་ཁ་ཆེའི་ལྷ་ཁང་དུ་བསྐྱོད་པར་ཆོག་མཆན་ཐོབ་པའི་དཔང་ཡིག་དགོས་ཤིང་། ཁ་ཆེའི་ཨ་དཔོན་ལའང་གཞུང་གིས་ངོས་ལེན་ཡོད་པའི་དཔང་ཡིག་དགོས་པ།