རྒྱ་གར་གྱི་གྲོས་ཚོགས་འཐུས་མིས་༧གོང་ས་མཆོག་མཇལ་ཞུར་བཅར་བ།

Your browser doesn’t support HTML5

དེ་རིང་ཕྱི་ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བའི་སྔ་དྲོ་རྒྱ་གར་གྲོས་ཚོགས་གོང་འོག་གི་ཆབ་སྲིད་ཚོགས་པ་འདྲ་མིན་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ཁག་བཞུགས་སྒར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཞུར་བཅར་ཡོད་པ་རེད་ ༸གོང་ས་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པ་རྡ་ར་མ་ས་ལར་ཕེབས་པར་འཚམས་འདྲི་གནང་བ་དང་རྡ་རམ་སར་ཤཱ་ལ་དེ་བཞིན་མགོན་པོ་གང་ཉིད་ཀྱི་བཞུགས་གནས་ཕ་ཡུལ་གཉིས་པར་བརྩི་བཞིན་ཡོད་སྐོར་སོགས་བཀའ་སློབ་སྩལ་ཡོད་པའི་སྐོར་