སྲིད་སྐྱོང་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་མཇལ་འཕྲད།

Your browser doesn’t support HTML5

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ཕྱི་ཚེས་༡༠་ནས་འགོ་འཛུགས་ཀྱིས་ཚེས་༡༣་བར་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་ཡོད་ཅིང་། རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ཨ་རིའི་གཞུང་གི་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་གནང་ནས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་སོན་ཐབས་གནང་གི་ཡོད་པ་སོགས་ཀྱི་སྐོར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་སུ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།།