གནས་མཆོག་རྡོ་རྗེ་གདན་དུ་རྒྱ་རིགས་ལ་གསུང་ཆོས་དང་བཀའ་སློབ།

Your browser doesn’t support HTML5

དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དེ་རིང་ཕྱི་ལོ་༢༠༡༨་ཟླ་དང་པོའི་ཚེས་༢༢་ཉིན་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་རིགས་དད་ལྡན་པ་གཙོ་བོར་གྱུར་བའི་ཆོས་ཞུ་བ་ལྔ་ཁྲི་ཙམ་ལ་རྡོ་རྗེ་གཅོད་པའི་ཆོས་འབྲེལ་མཛད་སྐབས་རྒྱ་རིགས་ནང་པ་ཚོར་དམིགས་ནས་བཀའ་སློབ་བསྩལ་བའི་ནང་དོན་ཁག་ཅིག་ངོ་སྤྲོད་ཞུ་རྒྱུ་ཡིན།