དོན་གྲུབ་དབང་ཆེན་ལ་འདྲིས་ཆེ་བའི་མི་གསུམ་ལ་བཅར་འདྲི།

Your browser doesn’t support HTML5

བོད་ཀྱི་གློག་བརྙན་ལས་འགུལ་བ་དོན་གྲུབ་དབང་ཆེན་གྱིས་དཀའ་ངལ་སྣ་མང་པ་ཞིག་ཁྱད་དུ་བསད་ཅིང་། མཐར་ཕྱི་ཟླ་༡༢་ཚེས་༢༥་ཉིན་ཨ་མི་རི་ཀའི་གྲོང་ཁྱེར་སན་ཧྥུ་རན་སི་སི་ཀོར་བདེ་འབྱོར་བྱུང་སྟེ། ཁོང་དང་བཟའ་ཟླ་བུ་ཕྲུག་རྣམས་ལོ་མང་རིང་ཁ་བྲལ་བྱུང་བའི་རྗེས་སུ་སླར་ཡང་ལྷན་འཛོམས་ཐུབ་ཡོད་པ་རེད། དོན་གྲུབ་དབང་ཆེན་གྱིས་འཇིགས་བྲལ་ཞེས་པའི་བོད་ནང་གི་དངོས་དོན་གློག་བརྙན་དེ་པར་ལེན་བྱས་པར་བརྟེན།