༧གོང་ས་མཆོག་ལཏ་ཝི་ཡ་ནས་ཆིབས་ཞལ་བསྒྱུར་པ།

བོད་ཀྱི་བླ་ན་མེད་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལཏ་ཝི་ཡའི་མཛད་འཆར་རྣམས་ལེགས་པར་གྲུབ་སྟེ། རེས་གཟའ་མིག་དམར་གྱི་སྔ་དྲོ་གྲོང་ཁྱེར་རི་གྷ་ནས་ཕེབས་ཐོན་གནང་འདུག་པ་དང་། དབྱིན་ལན་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་གསུངས་དོན་ལ་༧གོང་ས་མཆོག་མགྲོན་ཁང་ནས་ཆིབས་ཞལ་བསྒྱུར་སྐབས་སྔ་དྲོའི་ཚོུད་ ༥ ཙམ་ནས་་ཡུལ་མི་དང་ར་ཤི་ཡའི་མི་མང་སོགས་ཀྱིས་དགའ་སྐྱོ་ཟུང་སྦྲེལ་གྱིས་ཕེབས་བསྐྱེལ་ཞུས་འདུག་ཅིང་། ཁོང་ཚོས་༧གོང་ས་མཆོག་ལ་སླར་ཡང་རྒྱལ་ཁབ་དེར་ཆིབས་སྒྱུར་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་སོང་ཞེས་འགྲེལ་བརྗོད་གནང་གི་འདུག

Your browser doesn’t support HTML5

༧གོང་ས་མཆོག་ལཏ་ཝི་ཡ་ནས་ཆིབས་ཞལ་བསྒྱུར་པ།