ཆབ་ཆར་གཏེར་ཁ་སྔོག་འདོན།

Your browser doesn’t support HTML5

བོད་མདོ་སྨད་ཆབ་ཆ་སྟེ། དེང་སྐབས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པའི་ས་གནས་དེར་ལོ་༢༠་ལྷག་ལ་རྡོ་ཀ་མ་རུ་པའི་གཏེར་ཁ་བསྔོགས་པར་ས་གནས་མི་དམངས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། མང་ཚོགས་ཀྱིས་སྲིད་གཞུང་ལ་ཞུ་གཏུག་བྱས་ནས་གཏེར་ཁ་སྔོག་རྒྱུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ལ་ཐོན་པའི་གནས་ཚུལ་དེ་དཀོན་མཆོག་དོན་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།