རྒྱ་ནག་གི་འབྱོར་ལྡན་པ་དང་ཨ་རིའི་གསེར་ལྟར་གྱི་ཐོངས་མཆན།

Chinese students wait outside the U.S. Embassy for their visa application interviews in Beijing, China.

རྒྱ་ནག་གི་དཔལ་འབྱོར་སྒྱུར་བཅོས་དང་ཕྱི་ལ་སྒོ་མོ་ཕྱེ་པའི་སྲིད་ཇུས་འོག་ཏུ་མི་མང་སྒེར་པ་ཁག་ལ་ཚོང་ལས་གཉེར་པའི་གོ་སྐབས་ཐོབ་པ་དང་། འདས་པའི་ལོ་ཤས་ཤིག་ནས་རྒྱ་ནག་གི་སྤྱི་ཚོགས་སུ་ཨ་སྒོར་དུང་ཕྱུར་ཅན་གྱི་འབྱོར་ལྡན་པ་ཇེ་མང་དུ་སོང་སྟེ། མ་འོངས་པར་ཨ་མི་རི་ཀ་ལས་ཀྱང་རྒྱ་ནག་ལ་ཨ་སྒོར་དུང་ཕྱུར་ཅན་གྱི་འབྱོར་ལྡན་པ་མང་བ་འབྱུང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་འབྱོར་ལྡན་པ་མང་ཆེ་བས་རང་ཡུལ་གྱི་ཆབ་སྲིད་ལམ་ལུགས་བརྟན་ལྷིང་མེད་པ་དང་ལྐོག་ཟ་རུལ་སུངས་དར་ཁྱབ་ཆེ་བ། རྒྱ་ནག་གི་མཁའ་རླུང་འབག་བཙོག་དང་ཟས་རིགས་ལ་དུག་རྫས་མང་བ། ལྷག་པར་དུ་རྒྱ་ནག་ལ་ཁྲིམས་འཛིན་ལམ་ལུགས་མེད་པར་གང་ཐད་དུ་ངེས་གཏན་མེད་པར་བློ་འཚབ་སྐྱེས་ཏེ། རྒྱ་ནག་གི་འབྱོར་ལྡན་པ་ཚོས་ཨ་མི་རི་ཀ་དང་ཡུ་རོབ། ཁེ་ཎ་ཌ་དང་ཨོ་གླིང་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་མ་རྩ་བཙུགས་ནས་རྒྱལ་ཁབ་དེ་དག་གི་སྤྱི་དམངས་ཁོངས་སུ་ཞུགས་ཐབས་བྱེད་ཡོད་པའམ། ཡང་ན་རྒྱལ་ཁབ་དེ་དག་གི་གཏན་སྡོད་གཞིས་ཆགས་པའི་ཐོབ་ཐང་ལེན་ཐབས་བྱེད་ཀྱི་ཡོད་པ་རེད།།

Your browser doesn’t support HTML5

རྒྱ་ནག་གི་འབྱོར་ལྡན་པ་དང་ཨ་རིའི་གསེར་ལྟར་གྱི་ཐོངས་མཆན།