ཨོ་བྷ་མ་དང་མཚོ་ཁུག་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོའི་གྲོས་མོལ།

Your browser doesn’t support HTML5

གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དཀྱིལ་ཤར་ས་ཁུལ་ལ་ཕེབས་ཏེ། ཁོང་སོ་ཌི་ཨ་རེ་བི་ཡར་ཚོགས་པའི་མཚོ་ཁུག་རྒྱལ་ཁབ་དྲུག་གི་ཆེས་མཐོ་འགོ་ཁྲིད་རྣམ་པའི་ཚོགས་ཆེན་ལ་ཞུགས་པ་དང་། ཁོང་ཚོས་དེང་སྐབས་སི་རི་ཡ་དང་ཡེ་མེན། ཨི་རཀ་དང་ལི་བྷི་ཡ་སོགས་ལ་ནང་འཁྲུག་ལངས་ནས་དཀྱིལ་ཤར་ས་ཁུལ་ལ་ཆབ་སྲིད་ཀྱི་ཟིང་ཆ་ཆེན་པོ་ཞིག་ལངས་ཡོད་པ་ཞི་འཇམ་གཏོང་ཐབས་ལ་གྲོས་བསྡུར་བྱས་ཡོད་ཅིང་།