རྒྱ་དཀར་ནག་གཉིས་དབར་དམག་མིའི་འབྲེལ་མཐུད་ཁ་པར་འཛུགས་རྒྱུར་ཡར་རྒྱས།

Your browser doesn’t support HTML5

རྒྱ་གར་དང་རྒྱ་ནག་གཉིས་ཀྱི་སྤྱི་ཁྱབ་དམག་སྒར་ལས་ཁུངས་དབར་ཐད་གཏོང་ཁ་པར་འཛུགས་རྒྱུའི་ལས་དོན་ཐོག་ཡར་རྒྱས་གང་ཙམ་བྱུང་འདུག་པ་དང་། དེ་ནི་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སྲུང་སྐྱོབ་ཀྱི་ལས་དོན་བཟང་དུ་གཏོང་ཐབས་ཀྱི་ཐབས་ཤེས་གཅིག་ཡིན་པ་རེད། རྒྱ་གར་གྱི་བདེ་སྲུང་བློན་ཆེན་མ་ནོ་ཧར་ པ་ནི་ཀར་གྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནང་རྒྱ་ནག་གི་བདེ་སྲུང་བློན་ཆེན་ཀྲང་ ཝན་ཆུན་དང་འབྲེལ་མོལ་ཚོགས་འདུ་བྱས་རྗེས་གསར་འགོད་པར་གཏམ་བཤད་གནང་བ