བལ་ཡུལ་གཞུང་གིས་རྩ་ཁྲིམས་གསར་པའི་ངོ་རྒོལ་པ་བསད་རྩོད་གཅོད་བྱ་དགོས།

འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ཉེ་ཆར་བལ་ཡུལ་གྱི་རྩ་ཁྲིམས་གསར་པར་ངོ་རྒོལ་བྱུང་ནས་མིའི་ཚེ་སྲོག་ཤོར་བའི་དོན་རྐྱེན་དང་ཁྲིམས་ལ་རྩིས་མེད་གཏོང་མཁན་ཚོར་བལ་ཡུལ་གཞུང་གིས་འཕྲལ་དུ་ཞིབ་འཇུག་བྱ་དགོས་ཞེས་དགོས་འདུན་སྟོན་པ་ཡོད་ཅིང་། བལ་ཡུལ་ལ་ཟླ་བ་གཉིས་ཙམ་རིང་དུ་ངོ་རྒོལ་བྱུང་བའི་སྐབས་སུ་མི་༤༥་བསད་ཡོད་པ་རེད།

Your browser doesn’t support HTML5

བལ་ཡུལ་གཞུང་གིས་རྩ་ཁྲིམས་གསར་པའི་ངོ་རྒོལ་པ་བསད་རྩོད་གཅོད་བྱ་དགོས།