བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ཐོག་དང་བླངས་ཞབས་ཞུ་གནང་བཞིན་པ།

Your browser doesn’t support HTML5

ཕྱི་རྒྱལ་ཨོ་སི་ཀྲི་ལི་ཡ་ནང་གནས་སྡོད་རིན་པོ་དཔོན་ཚང་བསྟན་འཛིན་ཆོས་འཕགས་ལགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་གཏོང་རྒྱུ་ནི་ཧ་ཅང་གནད་འགག་ཆེན་པོར་ངོས་འཛིན་དང་སྦྲགས་རང་ཉིད་ཀྱིས་དེང་དུས་འཕྲུལ་ཆས་བེད་སྤྱད་པའི་ཐོག་ཀྱིས་དྲ་རྒྱའི་ལས་འཆར་ཉུང་མཐར་གཉིས་བཙུགས་ཏེ་དོན་གཉེར་བ་ཚོས་རིན་མེད་དུ་ཕབ་ལེན་དང་ཉན་ཀློག་བྱེད་ཐུབ་པ་བཟོས་ཡོད་པ་རེད། གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་ཁོང་ཉེ་ཆར་སོག་ཡུལ་ནང་བོད་རིག་པའི་མཁས་པའི་བགྲོ་གླེང་ཚོགས་འདུའི་ནང་ཞུགས་པའི་སྐོར་དང་དེ་བཞིན་ཁོང་གིས་དང་བླངས་ཀྱིས་ཐོག་ནས་བཙུགས་པའི་ལས་དོན་དང་དགོངས་པ་བཅས་ཀྱི་སྐོར་བཀའ་མོལ་གནང་བ་དེ་གསན་གནང་གི་རེད།