ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༡༢/༢༦

འབར་མའི་གཞུང་ལ་མི་རིགས་གཙང་སེལ་གྱི་ནག་ཉེས་ཕོག་དོན།


འབར་མའི་གཞུང་གིས་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་རང་ཡུལ་ནས་ཕྱིར་ཕུད་བཏང་སྟེ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་སོང་ཞེས་ནག་ཉེས་བཙུགས་ཏེ། གླིང་ཆེན་ཨ་ཧྥི་རི་ཀའི་རྒྱལ་ཁབ་གྷམ་བྷི་ཡའི་གཞུང་གིས་འབར་མ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་གཏུགས་ཡོད་ཅིང་། འབར་མའི་འགོ་ཁྲིད་ཨང་སན་སུ་ཅཱིས་ཉེས་འཛུགས་དེར་དགག་པ་བརྒྱབ་ནས་འཁྲུག་རྩོད་དེའི་འབྱུང་རྐྱེན་གྱི་ལན་ཁག་མཐའ་དག་ཁ་ཆེ་དྲག་སྤྱོད་པ་ཚོར་ཡོད་ཅེས་འགན་འཁྲི་ཕར་གཡོགས་འདུག གྷམ་བྷི་ཡའི་གཞུང་གིས་རོ་ཧིན་ཁ་ཆེ་རྒྱ་རྣམས་ཕྱིར་ཕུད་བཏང་ནས་འབར་མའི་གཞུང་གིས་མི་རིགས་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་སོང་ཞེས་འགྲེལ་བཤད་བརྒྱབ་ཡོད་པའི་སྐོར། གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་ཁག་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG