ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྐབས་སུ་ཧོང་ཀོང་ལ་དམ་དྲག


༄༅།། ཕྱི་ཟླ་༡༠་པའི་ཚེས་༡་ཉིན་ནི་རྒྱ་ནག་གི་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་༧༢་འཁོར་བའི་རྒྱལ་སྟོན་དུས་ཆེན་ཡིན་ཞིང་། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ནང་ཁུལ་དུ་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་དྲིལ་བསྒྲགས་ཤུགས་ཆེན་སྤེལ་བའི་ཞོར་དུ་ཧོང་ཀོང་ལ་རྒྱ་ནག་གི་ཉེན་རྟོག་པ་༨༠༠༠་ལྷག་འགྲེམ་འཇོག་གིས་ས་གནས་དེར་དམ་དྲག་ཆེན་པོ་བྱས་འདུག ཕྱི་ཟླ་༡༠་པའི་ཚེས་༡་གི་རྒྱལ་སྟོན་དུས་ཆེན་ཉིན་མོར་ཧོང་ཀོང་གི་སྲང་ལམ་ཞིག་ཏུ་མི་བཞིས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་ཉེན་རྟོག་པ་ཉི་ཤུ་ལྷག་གིས་དམ་དྲག་བྱས་ནས་རྔམ་སྟོན་ཁྲོམ་སྐོར་དེ་ལམ་སང་འཚམས་འཇོག་བྱེད་བཅུག་ཡོད་པའི་གནས་ཚུལ་ཐོན་འདུག་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG