ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ཡུ་ཀེ་རན་གྱི་ཕྱི་སྲིད་བློན་ཆེན་ལས་གནས་ནས་དགོངས་ཞུ་བྱས།


Russia-Ukraine-War
Russia-Ukraine-War
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཡུ་ཀེ་རན་གྱི་སྲིད་འཛིན་ཛི་ལན་སི་ཀིས་བློན་ཆེན་གྱི་ལས་གནས་ལ་འཕོ་འགྱུར་བཏང་རྗེས་ཕྱི་སྲིད་བློན་ཆེན་ཀེ་ལུ་བྷས་ལས་གནས་ནས་དགོངས་ཞུ་བྱས་འདུག་པ་དང་། དེ་ནི་སྲིད་གཞུང་གི་ལས་སྣེའི་ནང་འགྱུར་བ་ཧ་ཅང་ཆེན་པོ་བྱུང་བ་ཞིག་ཡིན་ཅིང་། ཡུ་ཀེ་རན་གྱི་མཐོ་རིམ་འགོ་ཁྲིད་ནང་གི་་འགྱུར་བ་དེ་ནི་འདས་པའི་ཟླ་བ་སུམ་ཅུ་ཙམ་གྱི་རིང་ཨུ་རུ་སུ་དང་དམག་འཐབ་བྱེད་བཞིན་པའི་སྐབས་འདིར་གལ་ཆེའི་འགྱུར་བ་ཞིག་ཡིན་པ་རེད།

ལོ་ན་༤༣་ལ་ཕེབས་པའི་ཡུ་ཀེ་རན་གྱི་ཕྱི་སྲིད་བློན་ཆེན་ཀུ་ལེ་བྷ་ནི་སྲིད་འཛིན་ཛི་ལན་ས་ཀི་རྗེས་ཕྱི་རྒྱལ་རྒྱལ་ཁབ་ཁག་ནང་ཆེས་སྐད་གྲགས་ཆེ་བའི་མི་སྣ་ཞིག་ཆགས་ཡོད་ཅིང་། ཁོང་དབྱིན་སྐད་ཧ་ཅང་ཡག་པོ་ཡོད་པར་བརྟེན་འཛམ་གླིང་ཕྱོགས་མཐའ་ཡོངས་སུ་ཡུ་ཀེ་རན་ལ་མཚོན་ཆ་སོགས་ཀྱི་རོགས་རམ་འབོད་སྐུལ་ཞུ་རུ་ཕེབས་མཁན་གཙོ་བོ་གཅིག་རེད།

རེས་གཟའ་མིག་དམར་ཉིན་ཡུ་ཀེ་རན་གྱི་བློན་ཆེན་ལྔ་ཙམ་གྱིས་ལས་གནས་ནས་དགོངས་ཞུ་བྱས་པ་དེ་ནི་ཉིན་མ་འགའ་ཞིག་ནང་དེ་ལྟར་དགོངས་ཞུ་བྱེད་མཁན་ད་དུང་མང་པོ་ཡོང་རྒྱུ་མ་ཟད། གསར་དུ་བློན་ཆེན་བསྐོ་བཞག་ཀྱང་མང་པོ་ཞིག་ཡོང་རྒྱུའི་སྔོན་དཔག་བྱེད་དགོས་གྱུར་ཡོད་པ་རེད། ཡང་སྲིད་འཛིན་སྲིད་འཛིན་ཛེ་ལན་ས་ཀི་ཡི་གྲོགས་པོ་བློ་ཉེ་ཞིག་གིས་ཉེ་དུས་སྲིད་གཞུང་ལ་འགྱུར་བ་བྱུང་བ་ནི་གཡོ་འགུལ་ཆེན་པོ་ཞིག་མགོ་འཛུགས་བྱས་པ་རེད་ཅེས་བརྗོད་ཡོད་འདུག

ཕྱི་སྲིད་བློན་ཆེནཀུ་ལེ་བྷས་དགོངས་ཞུ་བྱས་པའི་དགོངས་ཤོག་ཡུ་ཀེ་རན་གྱི་གྲོས་ཚོགས་ཀྱི་ཚོགས་གཙོས་ངོ་དེབ་སྟེང་དུ་བཀོད་ཡོད་འདུག་པ་དང་། སྲིད་འཛིན་ཛི་ལན་སི་ཀིས་ཡུ་ཀེ་རན་རྒྱལ་ཁབ་ཀྱི་དགོས་མཁོ་དང་མཐུན་པའི་གྲུབ་འབྲས་ཐོན་རྒྱུར་བློན་ཆེན་ལྷན་ཚོགས་ལ་འགྱུར་བ་གཏོང་རྒྱུ་དེ་དགོས་ངེས་ཤིག་རེད་འདུག་ཅེས་གསུངས་འདུག

ཨུ་རུ་སུས་ཡུ་ཀེ་རན་ལ་བཙན་འཛུལ་བྱས་ནས་ཟླ་བ་སུམ་ཅུ་ཙམ་ཕྱིན་པའི་རྗེས་ད་ཆ་ཡུ་ཀེ་རན་ནི་ཨུ་རུ་སུ་ལས་རྣམ་པར་རྒྱལ་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས་ཆགས་ཡོད། གང་ཡིན་ཞེ་ན་ཨུ་རུ་སུས་ཡུ་ཀེ་རན་གྱི་ཤར་ཕྱོགས་ས་ཁུལ་ནང་མདུན་སྐྱོད་མུ་མཐུད་བྱེད་བཞིན་ཡོད་ཅེས་སྲིད་འཛིན་ཛི་ལན་ས་ཀིས་གསུངས་འདུག

ཡང་སྲིད་འཛིན་ཛི་ལན་ས་ཀིས་གསར་འགོད་པར་གཏམ་བཤད་གནང་སྐབས་མགྱོགས་མྱུར་རང་ཉིད་ཨ་རིར་འཚམས་འདྲིར་སྐྱོད་སྐབས་རྒྱལ་ཁའི་འཆར་གཞི་ཞིག་ཨ་རི་དང་མཉམ་སྤྱོད་བྱེད་འདོད་ཡོད་ཅེས་གསུངས་འདུག རིང་མིན་སྤྱི་ཟླ་བཅུ་གཅིག་ནང་ཨ་རིའི་སྲིད་འཛིན་འོས་བསྡུ་བྱ་རྒྱུ་དེས་ཨ་རིས་ཡུ་ཀེ་རན་གྱི་སྲུང་སྐྱོབ་ལ་རོགས་རམ་བྱེད་བཞིན་པར་འགྱུར་བ་འགྲོ་སྲིད་པའི་ཐད་སྲིད་འཛིན་ཛི་ལན་ས་ཀི་ནི་བློ་འཚབ་གནང་དགོས་པ་ཞིག་ཆགས་ཡོད་པ་རེད།
རེས་གཟའ་མིག་དམར་གྱི་མཚན་མོ་རྒྱལ་ཡོངས་སུ་གསུང་བཤད་གནང་སྐབས་སྲིད་འཛིན་ཛི་ལན་ས་ཀིས་སྟོན་དུས་ནི་ཡུ་ཀེ་རན་གྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེན་པོར་འགྱུར་རྒྱུ་ཡིན་པར་བརྟེན་ང་ཚོའི་ལྷན་ཁང་ཁག་གྲ་སྒྲིག་ཨང་གསར་ཡོད་དགོས། དེ་ལྟར་བྱུང་བ་ཡིན་ན་ཡུ་ཀེ་རན་གྱི་མི་ཚང་མར་དགོས་ངེས་ཀྱི་གྲུབ་འབྲས་གསོན་གྱི་རེད་ཅེས་གསུངས་འདུག

ཟླ་བ་སྔོན་མ་ཡུ་ཀེ་རན་གྱིས་ཨུ་རུ་སུའི་ས་མཚམས་འཁེལ་བའི་ས་ཁུལ་ཁག་ཅིག་ནང་གློ་བུར་དཔུང་འཇུག་བྱས་ནས་ཨུ་རུ་སུ་ཧང་སང་དགོས་བཟོས་ཡོད་པ་རེད།རེས་གཟའ་ལྷག་པའི་སྲིད་འཛིན་ཛི་ལན་སི་ཀི་ཡིས་གསར་འགོད་ལྷན་ཚོགས་ཐོག་གསུང་བཤད་གཅིག་གནང་སྐབས་གཞུང་གི་ལས་བྱེད་ཚོར་བསྔགས་བརྗོད་གནང་འདུག ཡིན་ནའང་སྲིད་འཛིན་ཛི་ལན་ས་ཀིས་ཨུ་རུ་སུའི་བྱ་སྤྱོད་ལ་བསམ་བློ་བཏང་ནས་ང་ཚོས་བྱ་ཐབས་གསར་པ་ལག་བསྟར་བྱེད་ཕྱོགས་ཐད་འགྱུར་བ་གཏོང་རྒྱུ་དེ་ནི་གལ་ཆེན་ཞིག་ཆགས་ཡོད། གང་ཡིན་ཞེ་ན་འགྱུར་བ་དེ་དག་ཡུ་ཀེ་རན་གྱི་ས་ཁུལ་མི་འདྲ་བ་འགའ་ཤས་ནང་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་འགྱུར་བ་དེ་དག་གལ་ཆེན་པོ་དང་དགོས་ངེས་ཞིག་ཆགས་ཡོག་རེད་ཅེས་གསུངས་ཡོད་འདུག

རུའི་ཀྲར་གསར་སྤེལ་ཁང་དང་ཝ་ཤིན་ཌོན་པོསྚ་ནས་བཏུས།

གསར་འགོད་པ། རྒྱལ་མཚན་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG