༄༅།། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་གྱིས་རེས་གཟའ་ཟླ་བའི་ཉིན་འབར་མའི་དམག་གཞུང་གིས་གནས་དབྱུང་བཏང་བའི་རྒྱལ་ཁབ་དེའི་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་ཨང་སན་སུ་ཅི་ལ་ལོ་བཞིའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པར་ཁ་རྡུང་དྲག་པོ་བཏང་ཡོད་པར་མ་ཟད། ཁོང་གིས་འབར་མའི་དམག་གཞུང་གིས་ཨང་སན་སུ་ཅི་ལ་ནག་ཉེས་རྫུན་མ་བཙུགས་ནས་ཁྲིམས་བཤེར་འདུག ཁོང་འཕྲལ་དུ་གློད་གྲོལ་གཏོང་དགོས་ཞེས་ནན་བརྗོད་གནང་འདུག་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་ གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ ཞུ་ཡི་རེད།།