ཨ་མེ་རི་ཁའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་སྤྱི་ཟླ་༢ པའི་ ཚེས་༢༥ སྟེ་རེས་གཟའ་མིག་དམར་ཉིན་ལ། ཨ་རི་ལ་གནས་སྤོས་བྱེད་འདོད་ཡོད་པ་དང་གཞན་ལ་ལས་ཀའི་གོ་སྐབས་སྐྲུན་ཐུབ་པའི་ཕྱི་རྒྱལ་བ་ཚོར་ཨ་སྒོར་ས་ཡ་༥ ཅན་གྱི་Gold Card འམ་གསེར་གྱི་བྱང་བུ་འཚོང་རྒྱུའི་འཆར་གཞི་ཡོད་ཅིང་། གསེར་གྱི་བྱང་བུ་དེ་ཉོ་ན་ཨ་རིའི་ནང་བརྟན་སྡོད་བྱེད་ཆོག་པ་མ་ཟད། འབྱུང་འགྱུར་ཨ་རིའི་མི་སེར་ཆགས་རྒྱུ་ལ་ལམ་ཁ་གསར་པ་ཞིག་ཕྱེ་ཐུབ་ཀྱི་ཡོད་པ་གསུངས་འདུག
གཞན་ཡང་སྲིད་འཛིན་ཊམ་མཆོག་གིས་གསེར་གྱི་བྱང་བུ་འཛིན་མཁན་ཚོས་ཨ་རིའི་ནང་ཁྲིམས་མཐུན་ངང་ལས་ཀ་ལས་ཆོག་པ་དང་བཟོ་ཚོང་ཁང་གསར་འཛུགས་ཀྱིས་གཞན་ལ་ལས་ཀའི་གོ་སྐབས་སྐྲུན་ཆོག་པ། ཨ་རིའི་གཞུང་ལ་ཁྲལ་འཇལ་ཐུབ་པ་སོགས་ཀྱི་ཐོབ་ཐང་ཡོད་པ་གསུངས་འདུག
ཌོ་ནལ་ཊམ་མཆོག་གིས་འཛམ་གླིང་ཐོག་གི་མི་ཕྱུག་པོ་མང་པོ་ཞིག་གིས་གསེར་གྱི་བྱང་བུ་དེ་ཉོ་སྲིད་པར་བརྟེན། ཨ་རིས་གསེར་གྱི་བྱང་བུ་ས་ཡ་གཅིག་ཙམ་འཚོང་ཐུབ་རྒྱུའི་རེ་བ་ཡོད་པ་དང་། ཁྲིམས་མཐུན་གྱི་གནས་སྤོས་ལས་གཞི་གསར་པ་དེ་བདུན་ཕྲག་གཉིས་ཀྱི་རྗེས་ནས་འགོ་འཛུགས་ཐུབ་རྒྱུ་ཡིན་པར་གསུང་འདུག ཊམ་གྱི་ལས་འཆར་གསར་པ་དེས་ད་ཡོད་ཀྱི་་EB-5 ཞེས་པའི་མ་རྩ་འཛུགས་ནས་ཨ་རི་ལ་གནས་སྤོ་བྱེད་ཐུབ་པའི་ལས་གཞི་རྙིང་པ་དེ་ཚབ་བྱེད་རྒྱུ་ཡིན་པ་རེད།
གླེང་སྟེགས།