ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

དབུས་ཨེ་ཤི་ཡའི་ལྷན་ཚོགས་ནང་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཤུགས་རྐྱེན་བསྐྲུན་ཐབས།


ཨུ་རུ་སུའི་སྲིད་འཛིན་པུ་ཀྲིན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་
ཨུ་རུ་སུའི་སྲིད་འཛིན་པུ་ཀྲིན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་

༄༅། །ཨུ་རུ་སུ་དང་རྒྱ་ནག་གི་སྲིད་འཛིན་གཉིས་ནུབ་ཕྱོགས་རྒྱལ་ཁབ་མཉམ་འབྲེལ་གྱི་ཤུགས་རྐྱེན་ལ་གདོང་ལེན་དང་དབུས་ཨེ་ཤ་ཡའི་དམག་དོན་ཐབས་ཇུས་ནང་ཤུགས་རྐྱེན་སླེབས་ཐབས་སུ་རེས་གཟའ་ལྷག་པའི་ཉིན་དབུས་ཨེ་ཤི་ཡའི་ཡུལ་གྲུ་ཀ་ཛ་ཀིས་ཐན་གྱི་རྒྱལ་ས་ཨས་ཏ་ནར་ཧྲང་ཧའི་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལྷན་ཚོགས་ཆེད་འབྱོར་འདུག་ཅིང་། ཀ་ཛ་ཀིས་ཐན་གྱི་རྒྱལ་ས་ཨས་ཏ་ཎར་ཧྲང་ཧའི་མཉམ་ལས་སྒྲིག་འཛུགས་ཀྱི་ཆེས་མཐོའི་ལྷན་ཚོགས་དེར་ཨུ་རུ་སུའི་སྲིད་འཛིན་པུ་ཀྲིན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་། གནས་ཚུལ་ཐོན་པར་གཞིགས་ན་དབུ་ཁྲིད་གཉིས་ཀྱི་གྲོས་མོལ་ཚོགས་འདུ་དེར་རྒྱལ་སྤྱིའི་ནང་ཨ་རིའི་ཤུགས་རྐྱེན་མེད་པར་བཟོ་རྒྱུར་ཐུན་མོང་གི་ལས་དོན་རྣམས་སྔར་སོར་ཆུད་ཐབས་ལ་སྒྲིག་འཛུགས་རྒྱ་བསྐྱེད་གཏོང་ཕྱོགས་སོགས་ལ་གྲོས་བསྡུར་བྱེད་ཀྱི་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱ་ནག་དང་ཨུ་རུ་སུ་གཉིས་ཀས་ཨ་རི་དང་། ལྷག་པར་ནུབ་ཆེན་རྒྱ་མཚོ་བྱང་མའི་དམག་དོན་སྒྲིག་འཛུགས་ལ་མི་དགའ་བའི་ལྡངས་ཟུག་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན་རྒྱལ་ཁབ་གཉིས་མཐུན་འབྲེལ་བཟང་དུ་བཏང་ཡོད་ནའང་། དོན་དངོས་ལ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་དབར་མ་མཐུན་པའི་འགན་ཟླ་ཇེ་མང་དུ་འགྲོ་བཞིན་པ་རེད་།

རྒྱ་ནག་དང་ར་ཤི་ཡ་གཉིས་དབར་ཧྲང་ཧྭེ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་ཁོངས་ནང་ཡོད་པ་དང་། ཨེ་ཨེཕ་གསར་འགྱུར་ལས་ཁང་གིས་ཧྲང་ཧའི་མཉམ་འབྲེལསྒྲིག་འཛུགས་ཀྱི་ཐོག་མའི་ཚོགས་མི་ཡིན་པ་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཀ་ཛཀིས་ཐན་དང་། ཏ་ཇི་ཀིས་ཐན། ཨུཛ་བྷི་ཀིས་ཐན་བཅས་ལ་ཤུགས་རྐྱེན་སླེབས་ཐབས་ལ་ཨུ་རུ་སུ་དང་རྒྱ་ནག་གི་སྲད་འཛིན་གཉིས་འགྲན་སེམས་ཆེན་པོ་ཡོད་རེད་ཅེས་འགྲེལ་བརྗད་བྱས་འདུག

དབུས་ཨེ་ཤི་ཡའི་སྤྱི་མཐུན་རྒྱལ་ཁབ་དེ་དགག་དེ་སྔ་ཨུ་རུ་སུའི་མངའ་འོག་ཏུ་གནས་ཡོད་པའི་ཆ་ནས་ཨུ་རུ་སའི་ཤུགས་རྐྱེན་ཆེ་བ་ཡོད་ནའང་། ༢༠༢༢ ལོར་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་རྗེས་ཨུ་རུ་སུའི་ཤུགས་རྐྱེན་ལ་འགྱུར་བ་སོང་ཡོད་པ་རེད།

གནས་སྟངས་འདི་དག་ལ་རྒྱ་ནག་གཞུང་གིས་གོ་སྐབས་དང་ཁེ་ཕན་བླངས་ནས་མཐུན་གྲོགས་་རྒྱལ་ཁབ་ཁག་དང་ཚོང་འབྲེལ་ཚད་གཞི་བརྒྱ་ཆ་༢༧ ཙམ་སྤར་བ་དང་། རྒྱ་ནག་གིས་ཀ་ཛཀིས་ཐན་གྱི་བར་ཐད་ཀར་རི་ལེའི་ལྕགས་ལམ་འཛུགས་རྩིས་ཡོད་པ་དེ་དག་ལ་ཨུ་རུ་སུས་བློ་འཚབ་བྱེད་དགོས་གྱུར་ཡོད་འདུག་ཀྱང་། ད་ལྟའི་གནས་སྟངས་ཀྱིས་ཨུ་རུ་སུས་རྒྱ་ནག་ལ་མ་བརྟེན་ཀ་མེད་ལྟ་བུར་འགྱུར་ཡོད་པ་རེད།

གསར་འགོད་པ་ཚེ་བརྟན་ཆོས་སྒྲོན།

གླེང་སྟེགས།

XS
SM
MD
LG