ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ཀུན་གླེང་། ༢༠༢༣ ལོའི་ཟླ་༦ ཚེས་༢༣


ཀུན་གླེང་། ༢༠༢༣ ལོའི་ཟླ་༦ ཚེས་༢༣
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་གར་སྲིད་བློན་མོ་དྷིའི་ཨ་རིའི་ནང་གི་རྒྱལ་དོན་འཚམས་གཟིགས་དང་། སྲིད་འཛིན་བྷ་ཌན་གྱིས་ཞི་ཅིན་ཕིང་ནི་སྲིད་དབང་སྒེར་གཅོད་པ་ཡིན་པར་བཤད་པ། ཀུ་བྷའི་ནང་གི་རྒྱ་ནག་གི་གསང་མྱུལ་རྟེན་གཞིར་ངོ་རྒོལ་བྱས་པ། དགའ་ལྡན་དུ་ཚོགས་བཞིན་པའི་རིས་མེད་བགྲོ་གླེང་། ཁམས་ཁུལ་དུ་བོད་སྐད་ཡིག་ལ་དམ་དྲག་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་རྒྱ་གཞུང་གིས་སུན་གཙེར་བྱེད་པ་ཡར་ཞུ་བྱེད་ས་དང་། རྒྱའི་ཉེན་རྟོག་པ་དྲ་དམག་ཏུ་རྫུས་པར་ཨ་རིའི་ཁྲིམས་ཆད། བོད་ཇ་པོ་ཊི་ཁ་སི་ངོ་སྤྲོད་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་ལྷ་སྒྲོན་ལགས་དང་། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་རྣམ་གཉིས་གདན་འདྲེན་ཞུས་ཏེ། རྒྱ་གར་གྱི་སྲིད་བློན་མོ་དྷིའི་ཨ་རིའི་ནང་གི་རྒྱལ་དོན་འཚམས་འདྲིའི་གྲུབ་འབྲས་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG