ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༡/༢༦

ཊེ་ལི་གྷ་རམ་གསར་འཛུགས་བྱེད་མཁན་འཛིན་བཟུང་བྱས་རྗེས་གང་ཡང་སྦ་རྒྱུ་མེད་ཅེས་བཤད།


པ་ཝལ་ ཌུ་རོཝ་ཨུ་རུ་སུར་སྐྱེས་ཤིང་ཊེ་ལི་གྷ་རམ་ཞེས་པའི་ཏར་འཕྲིན་ཆ་ལག་གསར་འཛུགས་བྱེད་མཁན་ཡིན་པ་
པ་ཝལ་ ཌུ་རོཝ་ཨུ་རུ་སུར་སྐྱེས་ཤིང་ཊེ་ལི་གྷ་རམ་ཞེས་པའི་ཏར་འཕྲིན་ཆ་ལག་གསར་འཛུགས་བྱེད་མཁན་ཡིན་པ་

པ་ཝལ་ ཌུ་རོཝ་ཨུ་རུ་སུར་སྐྱེས་ཤིང་ཊེ་ལི་གྷ་རམ་ཞེས་པའི་ཏར་འཕྲིན་ཆ་ལག་གསར་འཛུགས་བྱེད་མཁན་ཡིན་པ་དང་། ཧྥི་རན་སིར་འཛིན་བཟུང་བྱས་འདུག་པ་དང་། འཛིན་བཟུང་བྱས་རྗེས་ཧྥི་རན་སིའི་སྲིད་འཛིན་གྱིས་དེ་ནི་ཁྲིམས་ལུགས་ལས་དོན་ཞིབ་ལ་འཛུག་གི་ཆ་ཤས་ཤིག་ཡིན་པ་ལས་ཆབ་སྲིད་ཀྱི་ཀུན་གློང་མེད་ཅེས་གསུངས་འདུག

ཊེ་ལི་གྷ་རམ་བཟོ་ཚོང་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་པ་ཝལ་ ཌུ་ཝལ་གྱིས་ནོར་འཁྲུལ་ཅན་གྱི་ལས་ཀ་གང་ཡང་བྱས་མེད་ཅིང་། པ་ཝལ་ ཌི་རོཝ་ཀྱིས་ཊེ་ལི་གྷ་རམ་བེད་སྤྱོད་ལོག་པ་བྱས་པའི་ཉེས་འཛུགས་བྱས་པ་ནི་རྒྱུ་མཚན་དང་མི་མཐུན་པ་ཞིག་རེད་ཅེས་བཤད་འདུག

ཊེ་ལི་གྷ་རམ་ཏར་འཕྲིན་ཆ་ལག་གསར་བཟོ་བྱེད་མཁན་དང་ཨ་སྒོར་ཐེར་འབུམ་མང་པོ་བདག་ཏུ་བཟུང་བའི་འབྱོར་ལྡན་རང་ལོ་ ༣༩ ཅན་པ་ཝལ་ ཌུ་རོཝ་ལ་སྒེར་གྱི་གནམ་གྲུ་ཡོད་པ་དེའི་ནང་ཞུགས་ནས་ཨ་ཛར་བ་ཡི་ཇང་ནས་འཕུར་ནས་རེས་གཟའ་སྤེན་པའི་ཕྱི་དྲོ་ཧྥ་རན་ས་རྒྱལ་ས་པེ་རེས་ཡི་ཕྱི་ཕྱོགས་གནམ་ཐང་ཞིག་ཏུ་བབས་སྐབས་འཛིན་བཟུང་བྱས་འདུག ཊེ་ལི་གྷ་རམ་ཏར་འཕྲིན་བཟོ་ཚོང་ཁང་གི་འགན་འཛིན་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་རྗེས་ཨུ་རུ་སུ་ཡིས་ཧྥ་རན་སི་གཞུང་ལ་ཌུ་རོཝ་ཀྱི་ཐོབ་ཐང་རྣམས་ལ་སྲུང་རྩིས་ཚུལ་བཞིན་བྱེད་དགོས་པའི་ཉེན་བརྡ་བཏང་འདུག

དེའི་བར་ཨེཀ་ས་ཞེས་པའི་འཕྲིན་གཏོང་དྲ་ལམ་གྱི་བདག་པོ་ཨེ་ལན་ མས་ཀ་ཡིས་ཀྱང་ཊེ་ལི་གྷ་རམ་ཏར་འཕྲིན་གྱི་བདག་པོའི་གནས་སྟངས་ཐད་སྐྱོན་བརྗོད་བྱས་ནས་ཡུ་རོབ་ཀྱིས་གཏམ་བརྗོད་རང་དབང་ལ་ཉེན་ཚབས་བཟོ་བཞིན་པ་རེད་ཅེས་བཤད་འདུག

ཊེ་ལི་གྷ་རམ་བཟོ་ཚོང་གི་འགོ་ཁྲིད་གཙོ་བོ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་མ་ཐག་བཟོ་ཚོང་གིས་གསལ་བསྒྲགས་ཐུང་ངུ་ཞིག་སྤེལ་བའི་ནང་བཟོ་ཚོང་གི་འགོ་ཁྲིད་ལ་སྦས་རྒྱུ་ཡག་གང་ཡང་མེད་ཅིང་། ནོར་འཁྲུལ་ཅན་གྱི་ལས་དོན་གང་ཡང་བྱས་ཡོད་མ་རེད། ཁོང་ནི་ཡུ་རོབ་ནང་འགྲིམ་འགྲུལ་ཡང་ཡང་བྱེད་མཁན་ཞིག་རེད། འགན་འཛིན་ཌུ་རོཝ་ཀྱིས་ཊེ་ལི་གྷ་རམ་ཏར་འཕྲིན་བེད་སྤྱོད་ལོག་པ་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱེད་པ་དེ་ནི་རྒྱུ་མཚན་དང་མི་མཐུན་པ་ཞིག་རེད་ལ་གནས་སྟངས་དེ་ཐག་གཅོད་གང་མགྱོགས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག

ཡང་ཧྥ་ཆིའི་ཉེན་རྟོག་པའི་གནས་ཚུལ་བྱུང་ཁུངས་ལ་གཞིགས་ན་ཊེ་ལི་གྷ་རམ་ཏརའཕྲིན་གསར་འཛུགས་བྱེད་མཁན་པ་ཝེལ་ ཌུ་རོཝ་ནི་་ཧྥ་རན་སི་དང་ཨ་རབ་ཨི་མི་རེཌ་གཉིས་ཀྱི་རྒྱལ་ཁོངས་གཉིས་ལྡན་གྱི་སྤྱི་དམངས་ཤིག་ཡིན་ཅིང་། ཁོང་འཛིན་བཟུང་བྱེད་དགོས་དོན་ནི་ཁོང་གིས་ཊེ་ལི་གྷ་རམ་ཏར་འཕྲིན་ཐོག་ཁྲིམས་འགལ་ཉེས་ཅན་གྱི་བྱ་སྤྱོད་འདྲ་མིན་བྱེད་འཇུག་གི་ཡོད་སྐོར་ལ་ཉེན་རྟོགས་པས་ཞིབ་འཇུག་བྱེད་བཞིན་ཡོད་པ་དང། འཛིན་བཟུང་བྱས་རྐྱེན་ནི་ཊེ་ལི་གྷ་རམ་ཏར་འཕྲིན་བེད་སྤྱོད་བྱེད་མཁན་གྱི་ནང་དོན་ལ་ལྟ་ཞིབ་དང་དོ་དམ་བྱེད་མཁན་གྱི་འདེང་ངེས་མེད་པ་དང་། དེ་བཞིན་ཉེན་རྟོག་པ་དང་མཉམ་ལས་ཚུལ་བཞིན་བྱེད་མ་ཐུབ་པར་བརྟེན་ནས་རེད་ཅེས་བཤད་འདུག

ཌུ་རོཝ་ནི་ཨུ་རུ་སུ་སྤྱི་མཐུན་གྱི་དུས་སྐབས་སེནྚ་ པི་ཀྲརྶ་བརཀ་ཞེས་པའི་ལེ་ནེན་ཐང་ཆེན་དུ་སྐྱེས་པ་དང་མཐོ་རིམ་སློབ་གྲ་ཡང་གྲོང་ཁྱེར་དེའི་ནང་བསྐྱོད་ཡོད་ཅིང་། ཁོང་གི་ཆབ་སྲིད་ལྟ་བ་ནི་རང་དབང་ཅན་འཛིན་མཁན་ཡིན་ལུགས་བཤད་འདུག

ཨ་རིའི་ནང་གི་ཚོང་ལས་དང་དཔལ་འབྱོར་དུས་དེབ་ཧྥོར་བོབ་ཀྱིས་ཊེ་ལི་གྷ་རམ་ཏར་འཕྲིན་བཟོ་ཚོང་ཁང་གི་བདག་པོ་ཌུ་རོཝ་ལ་ཨ་སྒོར་ཐེར་འབུམ་༡༥་དང་དུང་ཕྱུར་༥་ཙམ་ཡོད་པ་ཚོད་རྩིས་བྱས་འདུག ཌུ་རོཝ་ཀྱིས་འདི་ལོ་སྤྱི་ཟླ་བཞི་པའི་ནང་གསར་འགོད་པར་གཏམ་བཤད་བྱས་སྐབས་རྒྱལ་ཁབ་འགའ་ཞིག་གིས་གནོན་ཤུགས་ཆེན་པོ་གཏོང་གི་འདུག འོན་ཀྱང་ངའི་ཀྲ་ལི་བྷ་རམ་ཏར་འཕྲིན་དེ་བཞིན་ས་ཁམས་ཆབ་སྲིད་ཀྱི་རྩོད་རྙོག་ནང་མ་ཞུགས་པར་བར་གནས་སུ་གནས་དགོས་པ་ཞིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བཤད་འདུག

རུའི་ཀྲར་གསར་སྤེལ་ཁང་དང་ཨེ་ཨེཧྥ་པི་གསར་ཁང་ནས་བཏུས།

གསར་འགོད་པ། རྒྱལ་མཚན་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG