ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

སྲིད་འཛིན་ཨོ་བྷ་མའི་རྒྱལ་དོན་སྲི་ཞུ་སྙན་སྒྲོན།


སྲིད་འཛིན་ཨོ་བྷ་མའི་རྒྱལ་དོན་སྲི་ཞུ་སྙན་སྒྲོན།
སྲིད་འཛིན་ཨོ་བྷ་མའི་རྒྱལ་དོན་སྲི་ཞུ་སྙན་སྒྲོན།

སྲིད་འཛིན་ཨོ་བྷ་མས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོར་རྒྱལ་དོན་སྲི་ཞུ་སྙན་སྒྲོན་གྱི་གཏམ་བཤད་ཐེངས་གཉིས་བྱས་པ་དང་། ད་རེས་ཀྱི་གཏམ་བཤད་དེར་ཨ་མི་རི་ཀ་བ་ས་ཡ་མང་པོས་བརྙན་འཕྲིན་བརྒྱུད་ནས་ལྟ་ཉན་བྱས་པ་ཡོད་པ་སྟེ། སྲིད་འཛིན་ཨོ་བྷ་མས་ཨ་མི་རི་ཀའི་མི་མང་ལས་ཤོར་པའི་གྲངས་འབོར་དེ་ཉིད་ཉུང་དུ་ཇི་ལྟར་གཏོང་རྒྱུ་ཡིན་མིན་དང་། ཨ་མི་རི་ཀའི་དཔལ་འབྱོར་ཉམས་རྒུད་སོང་ཡོད་པ་སླར་གསོ་ཇི་ལྟར་བྱ་འཆར་ཡོད་མེད་བཅས་ལ་དོ་སྣང་ཆེན་པོ་བྱས་པ་མ་ཟད། སྲིད་འཛིན་ཨོ་བྷ་མས་ཀྱང་ཨ་མི་རི་ཀས་སློབ་གསོ་དང་འཛུགས་སྐྲུན། ཚན་རིག་སློབ་གསོ་བཅས་ལ་མ་རྩ་ཆེན་པོ་འཛུགས་དགོས་པ་དང་། ཨ་མི་རི་ཀས་འཛམ་གླིང་རྒྱལ་ཁབ་གཞན་ལས་ལྷག་པའི་སློབ་གསོ་ཡར་རྒྱས་དང་འཛུགས་སྐྲུན་ཡར་རྒྱས། ད་དུང་གསར་གཏོད་ཀྱི་ནུས་པ་ཡར་རྒྱས་གཏོང་དགོས་ཞེས་བཤད་ཡོད་པ་རེད།།

XS
SM
MD
LG