ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་ཀྱི་ལོ་གསར་ལ་སྤེལ་བའི་གསུང་འཕྲིན།
གཟའ་ལྷག་པ། ༢༠༢༥/༠༤/༠༩

ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་ཀྱི་ལོ་གསར་ལ་སྤེལ་བའི་གསུང་འཕྲིན།


ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ རུ་བྷི་ཡོ།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ རུ་བྷི་ཡོ།

ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་ཀྱི་ལོ་གསར་ལ་སྤེལ་བའི་གསུང་འཕྲིན།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ རུ་བྷི་ཡོ་ནས།

དེ་རིང་རབ་གནས་ཤིང་སྦྲུལ་ལོའི་བོད་ཀྱི་ལོ་གསར་ཚེས་གཅིག་གི་ཉིན་མོར། ངོས་ནས་བོད་ཀྱི་ལོ་གསར་སྲུང་བརྩི་བྱེད་མཁན་ཚང་མ་ལ་ལོ་གསར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ང་ཚོས་འཛམ་གླིང་གང་སར་བཞུགས་ཡོད་པའི་བོད་པ་ཚོའི་ནུས་སྟོབས་དང་སེམས་ཤུགས་ལ་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། ཨ་རིའི་གཞུང་གིས་མུ་མཐུད་ནས་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དང༌། བོད་པ་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང༌དང་སྐད་ཡིག ཆོས་ལུགས་བཅས་ཀྱི་ཤུལ་བཞག་གོང་འཕེལ་གཏོང་རྒྱུར་ཆོད་སེམས་བརྟན་པོ་བཟུང་ཡོད།

འཛམ་གླིང་ཁྱོན་ཡོངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་བྱེད་མཁན་བོད་མི་ཡོངས་ལ་ལོ་གསར་པའི་ནང་ཞི་བདེ་དང་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། ལོ་གསར་ལ་བཀྲ་ཤིས་བདེ་ལེགས།།

གླེང་སྟེགས།

XS
SM
MD
LG