ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

ལི་བྷི་ཡའི་སྲིད་བློན་བཙན་ཁྲིད་བྱས་ནས་གློད་གྲོལ།


Libya's Prime Minister Ali Zeidan speaks during a joint news conference with Oil Minister Abdelbari al-Arusi at the Prime Minister's Office in Tripoli, July 2013.
Libya's Prime Minister Ali Zeidan speaks during a joint news conference with Oil Minister Abdelbari al-Arusi at the Prime Minister's Office in Tripoli, July 2013.
༄༅།། ལི་བྷི་ཡའི་སྲིད་བློན་བཙན་ཁྲིད་བྱེད་མཁན་མཚོན་ཆ་ཐོགས་པའི་ཡུལ་དམག་ཤོག་ཁག་ཅིག་ཡིན་པ་དང་། ཡུལ་དམག་ཤོག་ཁག་དེ་སྲིད་བློན་ཟེ་དྷན་གྱི་སྐུ་སྲུང་བ་དང་ལི་བྷི་ཡའི་གཞུང་ལ་འབྲེལ་བ་ཡོད་པ་ཞིག་ཡིན་ཞིང་། བདུན་ཕྲག་སྔོན་མར་ཨ་མི་རི་ཀའི་དམག་གིས་ལི་བྷི་ཡའི་ས་ཐོག་ཏུ་ཨལ་ཁེ་སྒྲིག་འཛུགས་ཀྱི་མཐོ་རིམ་འགོ་ཁྲིད་ཅིག་འཛིན་བཟུང་བྱས་ཏེ། ལི་བྷི་ཡའི་ཡུལ་དམག་ཤོག་ཁག་དེས་ཨ་མི་རི་ཀར་དགྲ་ལན་སློག་པར་སྲིད་བློན་ཟེ་དྷན་བཙན་ཁྲིད་བྱས་ནས་དུས་ཡུན་ཆུ་ཚོད་༦་ལ་བཀག་ཉར་བྱས་པ་དང་། ཕྱི་ཟླ་༡༠་ཚེས་༡༠་ཉིན་ལི་བྷི་ཡའི་བདེ་འཇགས་ལྷན་ཁང་གི་ལས་སྣེ་ཚོས་བཤད་པ་ལྟར་ན། སྲིད་བློན་ཟེ་དྷན་ཆུ་ཚོད་འགའ་ཞིག་གི་གོང་དུ་གློད་གྲོལ་ཐོབ་ནས་བདེ་འཚམས་ཡིན་པ་དང་། ད་ལྟ་ཁོང་ལི་བྷི་ཡའི་ནང་སྲིད་ལྷན་ཁང་དུ་ཡུལ་དམག་ཁག་ཅིག་གིས་སྲུང་སྐྱོབ་བྱས་ནས་བཞུགས་ཡོད། ལི་བྷི་ཡའི་མི་མང་གིས་སྲིད་བློན་ཟེ་དྷན་གློད་གྲོལ་གཏོང་དགོས་པའི་སྐད་འབོད་བྱས་པ་དང་གནམ་ལ་མེ་མདའ་བརྒྱབ་པ་སོགས་བྱས་སོང་ཞེས་བཤད་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG