ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ས་འོག་འབར་རྫས་ཀྱིས་སི་རི་ཡའི་པལ་མི་རཱའི་གྱང་རོར་ལྟ་སྐོར་བ་ཉུང་དུ་ཕྱིན་པ།
གཟའ་ལྷག་པ། ༢༠༢༥/༠༤/༠༩

ས་འོག་འབར་རྫས་ཀྱིས་སི་རི་ཡའི་པལ་མི་རཱའི་གྱང་རོར་ལྟ་སྐོར་བ་ཉུང་དུ་ཕྱིན་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ས་འོག་འབར་རྫས་ཀྱིས་སི་རི་ཡའི་པལ་མི་རཱའི་གྱང་རོར་ལྟ་སྐོར་བ་ཉུང་དུ་ཕྱིན་པ།

༄༅།། སི་རི་ཡའི་སྙན་གྲགས་ཅན་གྱི་གྲོང་ཁྱེར་རྙིང་པ་སྤལ་མི་རཱའི་གྱང་རོ་དེ་ཚོ་ནི་གནའ་སྔ་མོ་རོམ་གྱི་རྒྱལ་ཁམས་དང་གླིང་ཆེན་ཨེ་ཤི་ཡའི་རྒྱལ་ཁམས་གཉིས་འབྲེལ་མཐུད་བྱེད་པའི་གྲོང་ཁྱེར་དེ་ཡིན་པ་དང་། སི་རི་ཡའི་ནང་ནང་འཁྲུག་འགོ་མ་ཚུགས་གོང་འཛམ་གླིང་གི་ས་ཕྱོགས་གང་སའི་ཡུལ་ཁོར་སྤྲོ་འཆམ་པ་རྣམས་གྱང་རོ་འདིར་ལྟ་སྐོར་ལ་ཡོང་གི་ཡོད་ཀྱང་། དེང་སང་ས་གནས་འདིར་ཡུལ་འཁོར་སྤྲོ་འཆམ་པ་ཡོང་མཁན་མེད་པར་སྟོང་པ་སྟོང་སང་ལྷག་གི་ཡོད་འདུག

གྱང་རོ་དེ་ཚོའི་ཉེ་འཁྲིས་ཀྱི་དེང་རབས་ཀྱི་གྲོང་ཁྱེར་གསར་པ་སྤལ་མི་རཱ་ཡང་དམག་འཁྲུག་གི་ནང་བསྟོར་ཤིག་ཐེབས་པ་དང་། དེ་ཁུལ་དུ་ས་འོག་གི་འབར་རྫས་ཀྱིས་ཁྱབ་བསྡད་ཡོད་འདུག

སྐུ་ཞབས་ཨ་བྷུ་ཧུསྶེན་ནི་སྤལ་མི་རཱ་གྲོང་ཁྱེར་གྱི་ས་འོག་གི་འབར་རྫས་མེད་པ་བཟོ་མཁན་འཕྲུལ་ལས་མཁས་པའི་རུ་ཁག་གི་མི་ཞིག་ཡིན་པ་དང་། སི་རི་ཡའི་ནང་སླར་ཡང་ནང་འཁྲུག་ལངས་སྲིད་པའི་ཉེན་ཁ་ཡོད་པའི་རྐྱེན་གྱིས་ཁོང་གིས་རང་ཉིད་ཀྱི་དངོས་མིང་ཤོད་རྒྱུར་ཉེན་ཁ་ཆེན་པོ་ཡོད་པ་མཐོང་སྟེ་རང་ཉིད་ཀྱི་དངོས་མིང་ཤོད་འདོད་བྱེད་ཀྱི་མེད་པ་རེད།

ཁོང་གིས་ཨ་རིའི་རླུང་འཕྲིན་ཁང་གི་གསར་པར་སྐད་ཆ་ཤོད་པའི་སྐབས་ “དེ་སྔོན་དམག་འཁྲུག་གི་སྐབས་ཤོག་ཁག་འདྲ་མིན་གྱི་དམག་མི་ཚོས་ལྐོག་སྦས་བྱས་པའི་ས་འོག་གི་འབར་རྫས་དེ་ཚོས་མི་དྲུག་གམ་བདུན་ལ་སྲོག་སྐྱོན་བྱུང་ཡོད་པ་དང་། ས་ཁུལ་འདི་ཚོ་ཡོངས་ལ་ས་འོག་གི་འབར་རྫས་ཀྱིས་ཁེངས་བསྡད་ཡོད་རེད། ང་ཚོས་སི་རི་ཡའི་གཞུང་དང་། ཨུ་རུ་སུ། ཨི་རཱན་གྱི་དམག་མིས་ལྐོག་བྱས་ཡོད་པའི་ས་ཁུལ་འདི་ཚོའི་འབར་རྫས་དེ་ཚོ་འཚོལ་ཞིབ་བྱེད་ཀྱི་ཡོད་”ཅེས་བཤད་འདུག

ཁ་ཆེའི་རྒྱལ་ཁམས་ཀྱིས་དེ་སྔོན་ཕྱི་ལོ་༢༠༡༥འི་ལོར་གནའ་སྔ་མོའི་རྩ་ཆེའི་དངོས་རིགས་མང་པོ་རྩ་བསྟོར་བཏང་སྟེ་ས་ཁུལ་དེ་དབང་འཛིན་བྱས་ཡོད་པ་དང་། ཕྱིས་སུ་སྐབས་དེའི་སི་རི་ཡའི་སྲིད་འཛིན་བྷ་ཤཱར་ཨལ་ཨ་སཱད་ཀྱི་སྲིད་གཞུང་གིས་དཔལ་མི་ར་གྲོང་ཁྱེར་དེ་ཁ་ཆེའི་རྒྱལ་ཁམས་ནསབཙན་འཕྲོག་བྱས་ཡོད་པ་རེད། ཡིན་ན་ཡང་དེ་དུས་གྲོང་ཁྱེར་དེ་ཕལ་ཆེར་བསྟོར་བཤིགས་ཐེབས་ཚར་ཡོད་པ་རེད། ས་འོག་གི་འབར་རྫས་གཙང་མ་བཟོ་མཁན་ཚོས་བཤད་གསལ་ལ། དམག་འཁྲུག་འཇུག་བསྒྲིལ་བྱུང་པའི་རྗེས་/གྲོང་མི་རྣམས་སཽའི་དེ་སྔའི་ཁང་པར་ཕྱིར་ལོག་བྱེད་ཐབས་བྱས་ཡོད་རུང་། ཡིན་ན་ཡང་། འབར་རྫས་འཚོལ་ཞིབ་བྱེད་པའི་འཕྲུལ་ལས་པ་ཚོར་དེང་དུས་ཀྱི་དམིགས་བསལ་གྱི་འཕྲུལ་ཆས་ཡག་པོ་མེད་པའི་རྐྱེན་གྱིས་ས་འོག་གི་འབར་རྫས་ཚང་མ་མེད་འཚོལ་ཐུབ་ཀྱི་མེད་པས་འབར་གས་ཀྱི་གནས་ཚུལ་ད་དུང་ཡོང་གི་ཡོད་འདུག

གླེང་སྟེགས།

XS
SM
MD
LG