ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

བོད་ནང་ལོགས་སུ་ཕྱི་ལོགས་ཀྱི་གསར་འགྱུར་ཉན་རྒྱུར་དཀའ་ངལ།


༄༅།། བོད་ནང་ལོགས་སུ་སྒྲ་སྡུད་འཕྲུལ་ཆས་ནང་ནས་བོད་ཕྱི་ལོགས་ཀྱི་གསར་འགྱུར་ཉན་མཁན་ཚོས་རླུང་འཕྲིན་གསར་འགྱུར་ཉན་པའི་སྐབས་སུ་ཚག་སྒྲ་ཤུགས་ཆེ་རུ་སོང་སྟེ་སྒྲ་སྐད་གསལ་པོ་ཞིག་གོ་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་འདུག ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རླུང་འཕྲིན་གསར་འགྱུར་ཉན་མཁན་གྱི་བོད་པ་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་སྔོན་ཆད་སྒྲ་སྡུད་འཕྲུལ་ཆས་ནང་ནས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རླུང་འཕྲིན་གསར་འགྱུར་ཉན་རྒྱུར་དཀའ་ངལ་མེད་ཀྱང་དེང་སྐབས་སྒྲ་སྡུད་འཕྲུལ་ཆས་ནང་དུ་ཚག་སྒྲ་ཤུགས་ཆེན་པོ་གྲགས་ཏེ་རླུང་འཕྲིན་གསར་འགྱུར་གྱི་སྒྲ་སྐད་ཤུགས་ཆུ་དུ་སོང་ནས་སྒྲ་ཧ་ཅང་གསལ་པོ་ཞིག་གོ་ཐུབ་ཀྱི་མི་འདུག་ཅེས་བརྗོད་འདུག

ཁོང་གིས་བོད་ཕྱི་ལོགས་ཀྱི་གསར་འགྱུར་ཉན་རྒྱུར་རྒྱ་ནག་གཞུང་གིས་བཀག་འགོག་དང་དམིགས་བསལ་བོད་ཕྱི་ལོགས་ཀྱི་མི་དང་འབྲེལ་འདྲིས་བྱེད་མི་ཆོག བོད་ནང་གི་གནས་ཚུལ་བོད་ཕྱི་ལོགས་ཀྱི་མི་ལ་བཤད་མི་ཆོག བོད་ཕྱི་ལོགས་ཀྱི་མི་ལ་འབྲེལ་བ་བྱེད་ན་ཁྲིམས་ཆད་ནན་པོ་གཅོད་རྒྱུ་ཡིན་ཞེས་སློབ་གསོ་གཏོང་བ་དང་བཙན་བཀའ་ཡང་ཡང་གཏོང་གི་ཡོད་པ་རེད། ཁ་པར་གྱི་ལམ་ནས་བོད་ཕྱི་ལོགས་ལ་འབྲེལ་བ་བྱས་འདུག་ཟེར་ནས་ཉེན་རྟོག་པས་འབོད་འགུགས་བྱེད་པའམ། ཡང་ན་འདྲི་རྩད་བྱས་ནས་དོགས་གཞི་ཅན་གྱི་མི་སྣ་རེད་ཅེས་དཀའ་ངལ་འཕྲད་མཁན་དག་ཅིག་ཡོད་པ་རེད། སྒྲ་སྡུད་འཕྲུལ་ཆས་ནང་ནས་བོད་ཕྱི་ལོགས་ཀྱི་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགྱུར་ཉན་པའི་སྐབས་སུ་རྒྱ་ནག་གིས་ཆེད་དུ་ཚག་སྒྲ་གྲག་ཏུ་བཅུག་སྟེ་གནོད་སྐྱེལ་ཅི་ཐུབ་བྱེད་ཀྱི་འདུག ཚག་སྒྲ་བཟོ་མཁན་དེ་རྒྱ་ནག་རེད་ཅེས་མང་ཚོགས་ཀྱིས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། རྒྱ་ནག་ལ་འཕྲུལ་རིག་དར་རྒྱས་སུ་འགྲོ་བཞིན་པས་དུས་ཐོག་ཏུ་རླུང་འཕྲིན་ཉན་མཁན་ཚོར་དཀའ་ངལ་འཕྲད་ཀྱི་འདུག ང་ཚོའི་རེ་བར་ཨ་རིའི་རླུང་འཕྲིན་ཁང་གིས་ཚག་སྒྲ་ཤུགས་ཆུང་དུ་གཏོང་ཐབས་དང་རླུང་འཕྲིན་གྱི་སྒྲ་སྐད་ཤུགས་ཆེ་རུ་གཏོང་ཐུབ་པའི་ཐབས་ཤེས་ཤིག་བཙལ་ཐུབ་ན་བོད་ནང་ལོགས་སུ་བོད་ཕྱི་ལོགས་ཀྱི་རླུང་འཕྲིན་ཉན་མཁན་ཚོར་ཕན་ཐོགས་ཆེན་པོ་ཡོང་ས་རེད་ཅེས་བརྗོད་ཡོད་པར་མ་ཟད། བོད་ནང་གི་མི་མང་སྒེར་པ་ཚོས་ཁ་པར་གྱི་ལམ་ནས་བརྒྱུད་སྐུར་བྱེད་བཞིན་པའི་ཉིན་རེར་རླུང་འཕྲིན་གསར་འགྱུར་ཉན་རྒྱུར་ཧ་ཅང་སྟབས་བདེ་པོ་ཡོད་ཀྱང་རྒྱ་ནག་གཞུང་གིས་དྲྭ་ལམ་རྟོག་ཞིབ་པའི་བཀག་འགོག་འོག་ཉན་མཁན་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པས་མི་སྒེར་པ་མང་པོ་ཞིག་གིས་སྒྲ་སྡུད་འཕྲུལ་ཆས་ཀྱི་ལམ་ནས་བོད་ཕྱི་ལོགས་ཀྱི་གསར་འགྱུར་ཉན་མཁན་མང་པོ་འདུག་ཅེས་བརྗོད་བྱུང་བའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG