ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཧ་མ་སིས་ཨི་སི་རལ་གྱི་མི་གཏའ་དྲུག་གློད་བཀྲོལ་བཏང་བ།
གཟའ་ཕུར་བུ། ༢༠༢༥/༠༤/༡༠

ཧ་མ་སིས་ཨི་སི་རལ་གྱི་མི་གཏའ་དྲུག་གློད་བཀྲོལ་བཏང་བ།


༢༠༢༥ ལོའི་ཟླ་༢ ཚེས་༢༢ ཉིན། མི་ཚོས་ཨི་སི་རལ་གྱི་མཁའ་དམག་CH-53 དམག་དོན་སྐྱེལ་འདྲེན་ཐད་འཕུར་གནམ་གྲུ་ལས། གསར་དུ་གློད་གྲོལ་ཐོབ་པའི་ཨི་སི་རལ་གྱི་བཙོན་པ་གཉིས་ཨི་སི་རལ་དབུས་ཕྱོགས་ཀྱི་པེ་ཏ་ཏི་ཀ་ཝ་རྦིན་སྨན་ཁང་དུ་འབྱོར་སྐབས་དགའ་བསུ་ཞུ་བཞིན་པའི་ངང་ཚུལ།
༢༠༢༥ ལོའི་ཟླ་༢ ཚེས་༢༢ ཉིན། མི་ཚོས་ཨི་སི་རལ་གྱི་མཁའ་དམག་CH-53 དམག་དོན་སྐྱེལ་འདྲེན་ཐད་འཕུར་གནམ་གྲུ་ལས། གསར་དུ་གློད་གྲོལ་ཐོབ་པའི་ཨི་སི་རལ་གྱི་བཙོན་པ་གཉིས་ཨི་སི་རལ་དབུས་ཕྱོགས་ཀྱི་པེ་ཏ་ཏི་ཀ་ཝ་རྦིན་སྨན་ཁང་དུ་འབྱོར་སྐབས་དགའ་བསུ་ཞུ་བཞིན་པའི་ངང་ཚུལ།

ཧ་མ་སི་དྲག་སྤྱོད་ཚོགས་པས་སྤྱི་ཟླ་༢ པའི་ཚེས་༢༢ རེས་གཟའ་སྤེན་པའི་ཉིན་ལ། ཡང་བསྐྱར་ཨི་སི་རལ་གྱི་མི་གཏའ་དྲུག་གློད་བཀྲོལ་བཏང་ནས། ཨི་སི་རལ་གྱི་བཙོན་འོག་ཏུ་ཚུད་ཡོད་པའི་པ་ལི་སི་ཐན་གྱི་མི་གྲངས་༦༠༠ ལྷག་དང་ཕན་ཚུན་བརྗེ་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག།

དེ་ནི་ཧ་མཱ་སི་ཡིས་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་རིམ་པ་དང་པོའི་ཆོད་དོན་ལྟར་ཨི་སི་རལ་གྱི་མི་གཏའ་གསོན་པོ་གློད་བཀྲོལ་བཏང་བ་མཐའ་མ་དེ་ཡིན་པ་དང་། ཧ་མ་སིས་རེས་གཟའ་ཕུར་བུའི་ཉིན་ལ་མི་གཏའ་ཁ་ཤས་ཀྱི་ཕུང་པོ་ཨི་སི་རེལ་ལ་རྩིས་སྤྲོད་བྱས་ཡོད་ཀྱང་། དེའི་ནང་ནས་ཤི་རི་བྷི་བྷ་སི་ Shiri Bibas ཞེས་པའི་ཕུང་པོ་དེ་དོ་བདག་ངོ་མ་མིན་པའི་གོ་འཛོལ་བྱུང་བ་དེར། ཨི་སི་རལ་གཞུང་དང་མི་དམངས་གཉིས་ཆ་ཁྲོང་ཁྲོ་ཆེན་ལངས་ཏེ། མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ཡ་ཡོ་ཆེ་ཞིང་བརྟན་པོ་མིན་པ་དེ་ཏོག་ཙམ་མིན་ན་ཉེན་ཁའི་གནས་སུ་བསྐྱལ་ཡོད་པ་རེད།

ཡིན་ན་ཡང་། དེ་རྗེས་ཧ་མ་སིས་རྩིས་སྤྲོད་བྱས་པའི་ཕུང་པོ་གཞན་ཞིག་དེ་ཤི་རི་བྷི་བྷ་སིའི་ Shiri Bibas ཕུང་པོ་ཡིན་པ་ཨི་སི་རལ་གྱིས་ངོས་འཛིན་གསལ་པོ་བྱུང་ཡོད་པས་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་དང་མི་གཏའ་བརྗེ་རེས་དེ་མུ་མཐུད་དུ་སྤེལ་ཐུབ་པ་བྱུང་ཡོད་པ་རེད། ཤི་རི་བྷི་བྷ་སིའི་ནང་མི་ཚོས་གསལ་བསྒྲགས་ཤིག་སྤེལ་ནས་ང་ཚོའི་ཤི་རི་བྷི་བྷ་སི་ཁྱིམ་དུ་འབྱོར་ཡོད་ཅེས་བརྗོད་འདུག།

ལོ་ན་༤༠ ཡིན་པའི་མི་གཏའ་ཊལ་ཤོ་ཧམ་ལགས་ནང་མི་དང་ལྷན་འཛོམས་བྱུང་བ།
ལོ་ན་༤༠ ཡིན་པའི་མི་གཏའ་ཊལ་ཤོ་ཧམ་ལགས་ནང་མི་དང་ལྷན་འཛོམས་བྱུང་བ།

ཧ་མ་སི་ཡིས་རེས་གཟའ་སྤེན་པའི་སྔ་དྲོར་གྷ་ཛའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ར་ཧྥའི་ནང་ནས། ཨི་སི་རེལ་གྱི་མི་གཏའ་གཉིས་ལས་ལོ་ན་༤༠ ཡིན་པའི་ཊལ་ཤོ་ཧམ་ Tal Shoham དང་། ལོ་ན་༣༨ ཡིན་པའི་ཨ་ཝེ་ར་མེང་གྷི་སི་ཊུ་ Avera Mengistu གཉིས་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པར་རྩིས་སྤྲོད་བྱས་ཡོད་པ་རེད།

ཊལ་ཤོ་ཧམ་ནི་༢༠༢༣ ལོའི་ཟླ་༡༠ ཚེས་༧ ཉིན་ཧ་མ་སིས་ཨི་སི་རལ་ལྷོ་ཕྱོགས་ལ་འཇབ་རྒོལ་བྱེད་སྐབས་མི་གཏའ་ལ་བཙན་ཁྲིད་བྱས་ཡོད་པ་དང་། ཨ་ཝེ་ར་མེང་གྷི་སི་ཊུ་ནི་༢༠༡༤ ལོར་ས་མཚམས་བརྒལ་ནས་གྷ་ཛ་ལུང་གཤོངས་སུ་འཛུལ་ཡོད་པ་ཞིག་ཡིན་པ་རེད།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་བརྗོད་དོན་བྱས་ན། ཧ་མ་སིས་ཐོག་མར་མི་དེ་གཉིས་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པར་རྩིས་སྤྲོད་བྱས་ཡོད་པ་དང་། དེའི་རྗེས་རྒྱ་གྲམ་དམར་པོའི་ཚོགས་པས་དབྱི་སི་རལ་གྱི་དམག་དཔུང་ལ་རྩིས་སྤྲོད་བྱས་འདུག།

ད་ལན་ཧ་མ་སིས་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་རིམ་པ་དང་པོའི་དགོངས་དོན་ལྟར་མི་གཏའ་གསོན་པོ་གློད་བཀྲོལ་བཏང་མ་མཐའ་མ་དེ་ཡིན་པ་དང་། མེ་འཕེན་མཚམས་འཇོག་གི་གྲོས་མཐུན་རིམ་པ་གཉིས་པ་དེ་མ་འོངས་པའི་ཉིན་འགའ་ཤས་ནང་ཚུན་དུ་འགོ་ཚུགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

གོང་ཞུས་ལྟར་ཨི་སི་རལ་གྱིས་རེས་གཟའ་ཟླ་བའི་ཉིན་ལ་པ་ལེ་སི་ཐན་གྱི་བཙོན་པ་དང་བཀག་ཉར་བྱས་པའི་མི་གྲངས་༦༠༢ གློད་བཀྲོལ་བཏང་བའི་དོད་ལ་ཧ་མ་སིས་ཨི་སི་རལ་གྱི་མི་གཏའ་དྲུག་གློད་བཀྲོལ་བཏང་ཡོད་པ་རེད།

མི་གཏའ་ཨ་ཝེ་ར་མེང་གྷི་སི་ཊུ་ལགས་ནང་མི་དང་ལྷན་འཛོམས་བྱུང་བ།
མི་གཏའ་ཨ་ཝེ་ར་མེང་གྷི་སི་ཊུ་ལགས་ནང་མི་དང་ལྷན་འཛོམས་བྱུང་བ།

གློད་གྲོལ་ཐོབ་པའི་ནང་ནས་མི་༥༠ ལ་ཨི་སི་རལ་གྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་ཤ་སྟག་ཡིན་པ་དང་། མི་༦༠ ལ་ཁྲིམས་ཐག་ལྗིད་པོ་ཕོག་ཡོད་པ་ཞེ་གཅིག་ཡིན་པ་རེད། དབྱི་སི་རལ་དང་ཧ་མ་སིའི་དབར་དམག་འཁྲུག་བྱུང་རྗེས་ད་དུང་མི་༤༥༥ གྷ་ཛ་རུ་བཀག་ཉར་བྱས་ཡོད་ཅིང་། མི་དེ་དག་ལ་ད་དུང་དངོས་སུ་ཉེས་འཛུགས་དང་ཁྲིམས་ཐག་གང་ཡང་བཅད་མེད་པ་རེད།

གླེང་སྟེགས།

XS
SM
MD
LG