༄༅།། རྒྱ་གར་གྱི་དཔོན་རིགས་ཁག་ཅིག་གིས་གསུངས་གསལ་ལ། ཡུལ་དེའི་སྲིད་བློན་ན་རེནྡྲ་མོ་ལྡི་མཆོག་བདུན་ཕྲག་འདིའི་ནང་ཨ་མི་རི་ཀར་འཚམས་འདྲིར་ཕེབས་འཆར་ཡོད་པའི་སྐབས་འདིར། ཡུལ་དེས་ཨ་མི་རི་ཀར་དངོས་ཟོག་ཕྱིར་ཚོང་མང་ང་བྱེད་ཐུབ་པའི་དམིགས་ཚད་བཟུང་སྟེ་ཨ་རི་ནས་ནང་འདྲེན་བྱས་པའི་དངོས་ཟོག་ཁག་གི་ཐོག་ཟོག་ཁྲལ་བཙན་འགེལ་བྱེད་པ་ཉུང་ཁྲི་བྱ་རྒྱུར་སྲིད་བློན་ནཱ་རེནྡྲ་མོ་ལྡི་མཆོག་གི་སྲིད་གཞུང་གིས་གང་ཅིའི་གྲ་སྒྲིཌ་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག ཡུལ་དེས་དེ་ལྟར་བྱས་པ་དེས་ཨ་མི་རི་ཀའི་ཊྲམ་སྲིད་གཞུང་གིས་རྒྱལ་སྤྱིའི་ཡུལ་ཁག་མང་པོའི་ཐོག་ཟོག་ཁྲལ་འཕར་མ་བཙན་འགེལ་གནང་གི་ཡོད་པ་དེ་ལས་རྒྱ་གར་གྱིས་གཡོལ་ཐབས་གནང་ཐུབ་ཀྱི་ཡོད་པ་རེད།
སྲིད་འཛིན་ཊྲམ་གྱི་དཔལ་འབྱོར་གྱི་སློབ་སྟོན་པ་སྐུ་ཞབས་ཀེ་ཝིན་ཧཻ་སེཊ་ཀྱིས་ཁ་ས་གཟའ་ཟླ་བའི་ཉིན་གསར་འགོད་པ་ཚོར་གསུངས་གསལ་ལ། རྒྱ་གར་གྱི་བཟོ་ཚོང་ཁང་ཚོས་ཕྱི་ཕྱོགས་ནས་དངོས་ཟོག་ནང་འདྲེན་བྱེད་མ་དགོས་པ་བཟོ་རྒྱུར་ཡུལ་དེས་ཕྱི་ཕྱོགས་ནས་ནང་འདྲེན་བྱས་པའི་དངོས་ཟོག་གི་ཐོག་ཟོག་ཁྲལ་མཐོ་བོ་བཙན་འགེལ་བྱེད་ཀྱི་ཡོད་པས་སྲིད་འཛིན་ཊྲམ་དང་སྲིད་བློན་མོ་ལྡི་རྣམ་གཉིས་མཇལ་འཕྲད་གནང་བའི་སྐབས་དེའི་སྐོར་ཞིབ་ཕྲའི་བཀའ་མོལ་གནང་འཆར་ཡོད་འདུག
སྲིད་བློན་མོ་ལྡི་མཆོག་སང་ཉིན་གཟའ་ལྷག་པ་ནས་བཟུང་ཉིན་གཉིས་ཀྱི་རིང་ཨ་རིའི་ནང་གཟིཌ་སྐོར་གནང་བའི་སྐབས་རྒྱ་གར་གྱིས་ཨ་རི་ནས་ནང་འདྲེན་བྱ་རྒྱུའི་དངོས་ཟོག་གི་ཐོག་ཟོག་ཁྲལ་བཙན་འགེལ་བྱ་རྒྱུ་ཉུང་དུ་བཏང་རྒྱུ་དང་། རྡོ་སྣུམ་ལ་སོཌ་པའི་ནུས་ཤུགས་དང་སྲུང་སྐྱོབ་ཀྱི་གོ་མཚོན་ལག་ཆ་ནང་འདྲེན་བྱེད་པ་ཤུགས་ཆེ་རུ་བཏང་རྒྱུའི་དགོངས་འཆར་གནང་འཆར་ཡོད་འདུག
སྲིད་འཛིན་ཊྲམ་གྱིས་གཟའ་ཉི་མའི་ཉིན་གསར་འགོད་པ་ཚོར་བཀའ་མོལ་གནང་བའི་སྐབས་ཨ་མི་རི་ཀས་ཀྱེ་ན་ཌ་དང་། མེག་སི་ཀོ། བྲཱ་ཛཱིལ་སོཌ་ནས་ནང་འདྲེན་བྱས་པའི་ངར་ལྕགས་དང་ཧ་ཡང་གི་ཐོག་ཟོག་ཁྲལ་བརྒྱ་ཆ་༢༥བཙན་འགེལ་བྱ་རྒྱུར་གཟའ་ཟླ་བའི་ཉིན་གསལ་བསྒྲཌ་གནང་གི་ཡིན་ཅེས་གསུངས་ཡོད་པ་དང་། སྲིད་འཛིན་ཊྲམ་གྱིས་དེ་སྔོན་འོས་བསྡུའི་དྲིལ་བསྒྲཌ་ལས་འགུལ་གནང་བའི་སྐབས་ཚོང་འབྲེལ་གྱི་ཐོག་རྒྱ་གར་གྱིས་དྲང་པོ་བྱེད་ཀྱི་མེད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།
སྲིད་འཛིན་གྱི་ཊྲམ་གྱི་དཔལ་འབྱོར་གྱི་སློབ་སྟོན་པ་ཧཻ་སེཊ་ཀྱིས་ཁེ་ཉིན་གཟའ་ཉི་མའི་ཨ་མི་རི་ཀའི་བརྙན་འཕྲིན་CNBCཡི་ཐོག་བཀའ་མོལ་གནང་བའི་སྐབས་རྒྱལ་ཁབ་གཞན་པས་ཟོག་ཁྲལ་བཅག་ན་ང་ཚོས་ཀྱང་བཅོག་གི་ཡིན་ཞེས་གསུངས་འདུག
མཚན་སྨྲོས་གནང་འདོད་མེད་པའི་རྒྱ་གར་གྱི་དཔོན་རིགས་གསུམ་གྱིས་གསར་འགོད་པ་ཚོར་བཀའ་མོལ་གནང་བའི་སྐབས། ཡུལ་དེས་རང་ཉིད་ཀྱི་རྒྱལ་ནང་ཐོན་བསྐྱེད་ཀྱི་འཆར་གཞི་གཞི་རྩར་བཟུང་སྟེ་ཨ་མི་རི་ཀས་ང་ཚོ་རྒྱ་གར་ལ་གློག་འགུལ་འཕྲུལ་ཆས་དང་། སྨན་བཅོས་དང་བཤགས་བཅོས་ཀྱི་ཡོ་ཆས། རྫས་སྦྱོར་ཁག་སོགས་དངོས་ཁག་ཅིག་གི་ཐོག་ཕྱིར་ཚོང་མང་ང་བྱེད་ཐུབ་རྒྱུར་ང་ཚོས་ཟོག་ཁྲལ་བཅག་བྱ་རྒྱུའི་བསམ་བློ་གཏོང་གི་ཡོད་ཅེས་གསུངས་འདུག
སྲིད་འཛིན་ཊྲམ་གྱིས་ཟླ་བ་སྔོན་མ་རྒྱ་གར་གྱི་སྲིད་བློན་མཆོག་ལ་ཞལ་སྤར་གྱི་ཐོག་ནས་བཀའ་མོལ་གནང་བའི་སྐབས་རྒྱ་གར་གྱིས་ཨ་རིའི་སྲུང་སྐྱོབ་ཀྱི་ཡོ་ཆས་ཉོ་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱིས་དྲང་བདེན་གྱི་ཚོང་འབྲེལ་བྱེད་གལ་ཆེན་པོ་ཡོད་སྐོར་བཀའ་མོལ་གནང་ཡོད་པ་དེ་ཚོ་གཞི་རྩར་བཟུང་སྟེ་རྒྱ་གར་གྱིས་ཨ་མི་རི་ཀའི་འཁྲུག་འཛིངས་གནམ་གྲུ་ཉོ་ཕྱོཌ་དང་། རྒྱལ་ཁབ་གཉིས་ཀྱིས་ཟུང་སྦྲེལ་གྱི་ཐོག་ནས་རྒྱ་གར་ནང་འཁྲུག་འཛིང་གནམ་གྲུ་བཟོ་འདོན་བྱེད་ཕྱོཌ་དང་འབྲེལ་བའི་བཀའ་མོལ་གནང་མུས་ཡིན་འདུག
སྲིད་བློན་མོ་ལྡི་མཆོག་གིས་ཁ་ས་གཟའ་ཟླ་བའི་ཉིན་གསར་འགོད་གསལ་བསྒྲཌ་ཤིག་སྟོན་གནང་ཡོད་དེའི་ནང་ངའི་ཨ་རིའི་ལྟ་སྐོར་དེ་རྒྱལ་ཁབ་གཉིས་ཀྱིས་དེ་སྔོན་ཊྲམ་གྱི་སྲིད་འཛིན་གྱི་ལས་དུས་དང་པོའི་སྐབས་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་ཡར་རྒྱས་བཏང་རྒྱུར་ལས་ཐབས་ཁག་ཅིག་འགོ་འཛུཌ་བྱས་ཡོད་པ་དེ་ཚོ་རྒྱ་བསྐྱེད་བྱ་རྒྱུའི་དམིགས་ཚད་བཟུང་གི་ཡོད་པ་དང་། འཚམས་འདྲི་འདིའི་སྐབས་ངས་འཕྲུལ་རིག་ལག་ཤེས་དང་། ཚོང་འབྲེལ། སྲུང་སྐྱོབ། འགུལ་བྱེད་ནུས་ཤུགས་ནང་འདྲེན་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་བཀའ་མོལ་ཞུ་རྩིས་ཡོད་ཅེས་གསུངས་འདུག
རྒྱ་གར་ནི། ཨ་རིས་ཨེ་ཤི་ཡའི་ནང་རྒྱ་ནག་གི་ཤུཌ་རྐྱེན་ལ་ཁ་གཏད་བཅག་རྒྱུར་ཨ་མི་རི་ཀའི་གལ་ཆེའི་མཐུན་གྲོགས་ཤིག་ཡིན་པ་དང་། འདས་པའི་ལོ་བཅུ་ཕྲག་དེའི་ནང་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ཤུགས་ཆེ་རུ་བཏང་ཡོད་པས་་རྒྱལ་ཁབ་གཉིས་ཀྱིས་ཕྱི་ལོ་༢༠༢༣དང་༢༤བར་ཌོ་ལར་ཐེར་འབུམ་༡༡༨གནས་པའི་ཚོང་འབྲེལ་བྱས་ཡོད་པ་རེད།།
གླེང་སྟེགས།