ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༡/༡༨

རྒྱ་གར་ལ་ནད་དུག་གིས་འཆི་སྐྱོན་བྱུང་བའི་མི་གྲངས་བཞི་འབུམ་བརྒལ་བ།


༄༅།། རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་འཁོད་པ་ལྟར་ན། ད་ལྟའི་བར་དུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་འབུམ་བཞི་བརྒལ་ཟིན་ཡོད་ཀྱང་ནད་རིགས་བརྟག་དཔྱད་མཁས་པ་ཚོས་རྒྱ་གར་བ་ས་ཡ་གཅིག་ཡས་མས་ཤིག་ཏོག་དབྱིབས་ནད་དུག་གིས་ཤི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། རྒྱ་གར་གཞུང་གིས་༢༠༢༡་གི་ལོ་མཇུག་བར་དུ་མི་གྲངས་དུང་ཕྱུར་དགུ་ལ་རིན་མེད་དུ་སྨན་ཁབ་རྒྱག་རྒྱུའི་ཤུགས་སྣོན་རྒྱག་གི་ཡོད་སྐོར། རྡོ་རྗེ་ཐོགས་མེད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།


XS
SM
MD
LG