ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཨ་རིའི་གྲོས་ཚོགས་འོག་མའི་ནང་འགྲོ་གྲོན་ཉུང་འཕྲི་གཏོང་རྒྱུའི་སྔོན་བརྩིའི་ཁྲིམས་འཆར་གཏན་འབེབས་བྱུང་འདུག
གཟའ་ལྷག་པ། ༢༠༢༥/༠༤/༠༩

ཨ་རིའི་གྲོས་ཚོགས་འོག་མའི་ནང་འགྲོ་གྲོན་ཉུང་འཕྲི་གཏོང་རྒྱུའི་སྔོན་བརྩིའི་ཁྲིམས་འཆར་གཏན་འབེབས་བྱུང་འདུག


༢༠༢༥ ཟླ་ ༢ ཚེས་ ༢༥ ཉིན་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་མའེ་ཁེ་ཇཱོན་སན་ལགས་ཀྱིས་འགྲོ་གྲོན་ཉུང་འཕྲིའི་ཁྲིམས་འཆར་དང་འབྲེལ་ནས་གསར་འགོད་ལྷན་ཚོགས་ཐོག་ལ་གཏམ་བཤད་གནང་སྐབས།
༢༠༢༥ ཟླ་ ༢ ཚེས་ ༢༥ ཉིན་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་མའེ་ཁེ་ཇཱོན་སན་ལགས་ཀྱིས་འགྲོ་གྲོན་ཉུང་འཕྲིའི་ཁྲིམས་འཆར་དང་འབྲེལ་ནས་གསར་འགོད་ལྷན་ཚོགས་ཐོག་ལ་གཏམ་བཤད་གནང་སྐབས།

སྤྱི་ཟླ་༢ པའི་ ཚེས་༢༥ སྟེ་རེས་གཟའ་མིག་དམར་ཉིན་གྱི་དགོང་དྲོ་ཙམ་ལ་ཨ་རིའི་གྲོས་ཚོགས་འོག་མའི་ནང་དཔྱ་ཁྲལ་དང་འགྲོ་གྲོན་ཉུང་འཕྲི་གཏོང་རྒྱུའི་སྔོན་བརྩིའི་ཁྲིམས་འཆར་ཞིག་ལ་འོས་ཤོག་༢༡༧ གྱིས་མང་མོས་རྒྱབ་སྐྱོར་གྱིས་གཏན་འབེབས་བྱུང་འདུག

གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་མའེ་ཁེ་ཇཱོན་སན་Mike Johnson ལགས་ཀྱིས། ཁྲིམས་འཆར་དེ་ནི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གི་ཨ་རི་ཨང་དང་པོར་འཛིན་པའི་ལས་རིམ་མང་པོའི་ནང་ནས་གོམ་པ་དང་པོ་དེ་རེད་ཅེས་དང་། ཇཱོན་སན་དང་སྤྱི་མཐུན་ཚོགས་པའིོ་འཐུས་མི་གཞན་ཚོས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་། ཁྲིམས་འཆར་དེའི་དམིགས་ཡུལ་ནི་ས་མཚམས་ཀྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་དང་། ཁྱིམ་ཚང་དང་ཁེ་ལས་ཁག་གི་ཁྲལ་དངུལ་ཉུང་དུ་གཏོང་རྒྱུ། དེ་བཞིན་ཨ་རིའི་ནུས་ཁུངས་གཙོ་ཁྲིད་ཀྱི་གོ་གནས་སྲ་བརྟན་གཏང་རྒྱུ་ཆེད་དུ་ཡིན་པ་འཁོད་འདུག

འོན་ཀྱང་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་དེ་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཧ་ཁིམ་ཇེ་ཧྥེར་རི་Hakeem Jeffries ལགས་ཀྱིས་སྤྱི་མཐུན་ཚོགས་པས་ཁྲིམས་འཆར་དེ་བརྒྱུད་ནས་ཨ་རིའི་དམག་མི་ཟུར་པ་ཚོའི་ཁེ་ཕན་དང་། ཉམ་ཐག་ཚོར་ཟས་རིགས་དང་་འཕྲོད་བསྟེན་སྨན་བཅོས་སོགས་ཀྱི་རོགས་སྐྱོར་ལས་གཞི་ཁག་གི་འགྲོ་གྲོན་དེ་བཞིན་ཉུང་འཕྲི་གཏོང་ཐབས་བྱེད་བཞིན་འདུག་ཅེས་སྐྱོན་བརྗོད་གནང་འདུག

སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་གོང་འཁོད་སྔོན་རྩིས་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་ཡོད་ཀྱང་། ཉིན་ཤས་གོང་སྟེ་རེས་གཟའ་པ་སངས་ཉིན་ལ། ཨ་རིའི་གྲོས་ཚོགས་གོང་མས་འགྲོ་གྲོན་ཁྲིམས་འཆར་ཞིག་གཏན་འབེབས་བྱས་ཏེ། དེའི་ནང་དམག་དོན་ལ་ཨ་སྒོར་ཐེར་འབུམ་༡༥༠ དང་ས་མཚམས་བདེ་འཇགས་ལ་ཨ་སྒོར་ཐེར་འབུམ་༡༧༥ ཡི་རོགས་དངུལ་ཚུད་ཡོད་པར་མ་ཟད། གྲོས་ཚོགས་འོག་མའི་ནང་རྩོད་གླེང་ཆེ་བའི་སྨན་བཅོས་རོགས་སྐྱོར་ཉུང་འཕྲིའི་གནད་དོན་དེ་འགོག་ཐབས་བྱས་ཡོད་པ་རེད། གལ་ཏེ་གོང་ཞུས་ཁྲིམས་འཆར་དེ་རིང་མིན་སྤྱི་ཟླ་༣ པའི་ཚེས་༡༤ ཉིན་གྱི་སྔོན་ལ་གཏན་འབེབས་བྱུང་མ་ཐུབ་ཚེ། གཞུང་གི་ཞབས་ཞུའི་ལས་དོན་ཁག་ཅིག་མཚམས་འཇོག་བྱ་དགོས་སྲིད་པ་དང་། གཞུང་གི་ལས་བྱེད་ས་ཡ་མང་པོར་གླ་ཕོགས་གཅད་རྒྱུ་རེད་འདུག

གྲོས་ཚོགས་གོང་མའི་གྲངས་མང་སྲིད་དོན་ཚོགས་པའི་འགོ་ཁྲིད་ཇཱོན་ཐུན་John Thune ལགས་ཀྱིས་གྲོས་ཚོགས་འཐུས་མི་ཚོར་དེ་དོན་གྲོས་བསྡུར་བྱེད་པའི་དུས་ཚོད་མང་ཙམ་ཐོབ་རྒྱུའི་ཆེད་དུ། ཅིག་བྱས་ན་དེའི་བར་ལ་དུས་ཡུན་ཐུང་བའི་འགྲོ་གྲོན་ཁྲིམས་འཆར་གཞན་ཞིག་འདོན་སྲིད་པ་གསུངས་འདུག

གླེང་སྟེགས།

XS
SM
MD
LG