ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༢/༢༡

ཧོང་ཀོང་དང་ནོ་པེལ་ཞི་བདེའི་གཟེངས་རྟགས།


༄༅།། ཨ་རིའི་གྲོས་ཚོགས་འཐུས་མི་བརྒྱད་ཀྱིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ངོ་རྒོལ་ལས་འགུལ་སྤྱི་ལོ་༢༠༢༠་ལོའི་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲོད་ཡུལ་འོས་མིའི་གྲས་སུ་མིང་འདོན་དང་འོས་སྦྱོར་བྱས་ཡོད་ཅེས་ཁ་སང་སྤྱི་ཟླ་༢་པའི་ཚེས་༤་ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་འདུག

ཧོང་ཀོང་གི་དམངས་གཙོ་དོན་གཉེར་གྱི་ལས་འགུལ་འདི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲོད་ཡུལ་འོས་མིའི་གྲས་སུ་འོས་སྦྱོར་བྱ་རྒྱུའི་སྙན་ཞུ་ཞིག་ལོ་འདིའི་སྤྱི་ཟླ་དང་པོའི་ཟླ་མཇུག་ཏུ་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་ལ་འབུལ་ཟིན་དགོས། སྙན་ཞུ་འདི་འབུལ་མཁན་གྲས་སུ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགན་འཛིན་དང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇཱིམ་མེཀ་གྷ་ཝྭན་དང་གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁཱོ་རུ་བྷིའོ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་མི་ཁེ་རི་སི་སཱི་མཱི་ཐེ་སོགས་གྲོས་ཚོགས་འཐུས་མི་བརྒྱད་ཡོད་ཅིང་། ཁོ་ཚོས་སྙན་ཞུ་ཕུལ་ནས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་གྱི་ངོ་རྒོལ་ལས་འགུལ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲོད་ཡུལ་འོས་མིའི་གྲས་སུ་འོས་སྦྱོར་བྱེད་དགོས་པའི་རྒྱུ་མཚན་བཀོད་པ་ལྟར་ན། ན་ནིང་བྱུང་བའི་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ནི་སྒྲིག་འཛུགས་དང་གོ་རིམ་ལྡན་པ་ཞིག་ཡིན་པར་མ་ཟད། ལས་འགུལ་དེར་སྣེ་ཁྲིད་བྱེད་མཁན་མེད་ཀྱང་ནུས་སྟོབས་ལྡན་པའི་ལས་འགུལ་ཞིག་ཡིན་པའི་ངོས་འཛིན་བྱས་འདུག

ཧོང་ཀོང་གི་མ་འོངས་པའི་ཆེད་དུ་རང་ཉིད་སྒེར་གྱི་ཚེ་སྲོག་དང་འཕྲོད་བསྟེན། གོ་གནས་དང་སློབ་སྦྱོང་བཅས་པ་བློས་གཏོང་བྱེད་མཁན་མཐའ་དག་ལ་རྗེས་སུ་ཡི་རང་ཡོད་ཅེས་བསྔགས་བརྗོད་བྱ་རྒྱུའི་ཆེད་དུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲོད་ཡུལ་གྲས་སུ་འོས་སྦྱོར་བྱས་པ་ཡིན། གསལ་བསྒྲགས་དེའི་མཇུག་དེར་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་མུ་མཐུད་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ་རྩོད་ལེན་པ་ཚོར་ངོས་འཛིན་བྱ་རྒྱུའི་རེ་བ་་བཏོན། ཡུ་རོབ་རྒྱལ་ཁབ་ནོར་ཝེའི་གྲོས་ཚོགས་འཐུས་མི་གྷི་རོ་སི་མེ་ཌི་ཨོ་བྷེས་ཀྱང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་གྱི་མི་དམངས་ཚོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲོད་ཡུལ་འོས་མིའི་གྲས་སུ་འོས་སྦྱོར་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་པ་རེད།

ནོར་ཝེ་ཡི་གྲོས་ཚོགས་འཐུས་མི་དེས་རང་གི་ཊོས་ཊར་དྲྭ་ལམ་དུ་ཧོང་ཀོང་མི་དམངས་ཀྱིས་སྨྲ་བརྗོད་རང་དབང་དང་དམངས་གཙོ་དོན་གཉེར་གྱི་ཆེད་དུ་ཉིན་ལྟར་ཚེ་སྲོག་འབེན་ལ་བཙུགས་པ་དང་བདེ་འཇགས་ལ་ཉེན་ཁ་ཡོད་པར་འཛེམ་ཟོན་མེད་པར་འཐབ་རྩོད་བྱེད་བཞིན་པར་བསྔགས་བརྗོད་བྱས་ཤིང་། ཧོང་ཀོང་གི་དམངས་གཙོ་དོན་གཉེར་གྱི་ལས་འགུལ་འདིའི་ཤུགས་རྐྱེན་ནི་ཧོང་ཀོང་ལ་ཐེབས་པའི་ཤུགས་རྐྱེན་ལས་ཀྱང་ཆེན་པོ་རེད་ཅེས་ནོར་ཝེ་དགོང་དྲོའི་ཚགས་པར་དུ་བཀོད། ཡུ་རོབ་རྒྱལ་ཁབ་ནོར་ཝེའི་རྒྱལ་ས་ཨོ་སོ་ལོར་བཅའ་སྡོད་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་ནི་ནོར་ཝེ་སྲིད་གཞུང་ལ་འབྲེལ་བ་མེད་པར་ལོགས་སུ་ཚུགས་པའི་སྒྲིག་འཛུགས་ཤིག་མོད། འོན་ཀྱང་ཚོགས་པ་དེ་ནོར་ཝེའི་ས་ཐོག་ཏུ་ཚུགས་ཡོད་པའི་སྟབས་ཀྱིས་རྒྱ་ནག་དང་ནོར་ཝེ་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་འབྱུང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

སྤྱི་ལོ་༢༠༡༠་ལོར་རྒྱ་ནག་གཞུང་གིས་ལོ་༡༡་གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་བཙོན་དུ་བཅུག་ཡོད་པའི་རྒྱ་ནག་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ལིའུ་ཞའོ་པོ་ལ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་སྤྲད་པར་རྒྱ་ནག་གཞུང་གིས་དེ་ལ་ཡ་ལན་སློག་རྒྱུའི་ཆེད་དུ་ནོར་ཝེ་ལ་ཕྱི་འབྲེལ་བཅད། རྒྱལ་ཁབ་གཉིས་ཀྱིས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་རྒྱུའི་གྲོས་མོལ་མཚམས་བཞག རྒྱ་ནག་གིས་ནོར་ཝེ་ནས་ཉ་ཤ་ནང་འདྲེན་བྱ་རྒྱུ་མཚམས་བཞག་པ་བཅས་ཀྱི་གནོན་ཤུགས་སྤྲད། དེ་ནས་རྩིས་དེ་ལོ་དྲུག་གི་རྗེས་སུ་ནོར་ཝེ་གཞུང་གིས་མ་འོངས་པར་རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་ལས་དོན་ཅི་ཡང་བསྒྲུབ་རྒྱུ་མིན་པའི་ཁས་ལེན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱུང་ཡོད་པ་རེད།

KC
please wait

No media source currently available

0:00 0:02:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG