ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༠༢

༸གོང་ས་མཆོག་ནིའུ་ཡོག་གྲོང་ཁྱེར་གྱི་དམིགས་བསལ་གཤག་བཅོས་སྨན་ཁང་དུ་ཞབས་པུས་སྨན་བཅོས་ལེགས་འགྲུབ་བྱུང་སོང་།


སྨན་ཁང་དེའི་རུས་ཚིགས་བརྗེ་པོ་བརྒྱབ་པའི་ཞབས་ཞུའི་སྡེ་ཚན་གྱི་འགན་འཛིན་ཌེ་ཝེ་དྷི་མེ་མན་ David J. Mayman ལགས་ཀྱིས་༸སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ཚེས་༢༨ རེས་གཟའ་པ་སངས་ཉིན། ཞབས་པུས་ཀྱི་པུས་ཚིགས་བརྗེ་པོ་བརྒྱབ་པའི་གཤག་བཅོས་ལམ་ལྷོངས་ལྡན་པ་བྱུང་སོང་། ཞེས་དང་། ཁོང་གིས་༸མགོན་པོ་གང་ཉིད་མཆོག་གི་ཞབས་པུས་ཡོངས་སུ་དྲག་སྐྱེད་ཡོང་ཐུབ་པའི་གདེང་ཚོད་བརྟན་པོ་ཡོད་པས། སྤྱི་ཚེས་༢༩ ཡི་ཞོགས་པར་སྨན་ཁང་ནས་ཆིབས་སྒྱུར་གནང་སོང་། ༸གོང་ས་མཆོག་གི་༸སྐུ་སྒེར་བླ་སྨན་ཚོགས་ཆུང་དང་སྐུ་སྒེར་ཡིག་ཚང་དང་། གཤག་བཅོས་ཞུ་གནང་མཁན་གྱི་འབྲེལ་ཡོད་སྨན་བཅོས་ཚོགས་པའི་བར་ལ་མུ་མཐུད་ནས་འབྲེལ་བ་ཟབ་མོ་ཞུ་བཞིན་པ་ཡིན། ང་ཚོའི་ངོས་ནས་ཁོང་ཚོས་ཡིད་ཆེས་དང་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཞུ།

HSS Statement
HSS Statement

གླེང་སྟེགས།

XS
SM
MD
LG