ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

རྒྱ་གར་ལ་ནད་དུག་ཐེངས་གསུམ་པ་ཁྱབ་རྒྱུ་ལྡོག་ཐབས་མེད་པ།


༄༅།། རྒྱ་གར་གྱི་འཕྲོད་བསྟེན་མཁས་པ་ཚོས་དུས་ཚོད་སྔ་ཕྱི་མ་གཏོགས་རྒྱ་གར་ལ་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་གསུམ་པ་ཞིག་འབྱུང་རྒྱུ་ཡིན་ཞིང་། ནད་དུག་B་༡༦༡༧་ཟེར་བ་དེ་རྒྱ་གར་གྱི་མངའ་སྡེ་༡༨་ཀྱི་ནང་དུ་ཁྱབ་ནས་ཏོག་དབྱིབས་ནད་དུག་རིམ་པ་གཉིས་པ་འདི་མཇུག་བསྒྲིལ་བའི་རྗེས་སུ་ནད་ཡམས་ཀྱི་རྦ་རླབས་གསུམ་པ་ཞིག་འཕྱུར་རྒྱུ་ངེས་གཏན་རེད་ཅེས་གླེང་གི་ཡོད་པར་མ་ཟད། ཁ་སང་གཟའ་ཕུར་བུའི་རྒྱ་གར་ལ་ཉིན་ཞག་གཅིག་གི་རིང་དེར་མི་༤༡༢༠༠༠་ལ་ནད་དུག་གསར་དུ་འགོས་པ་དང་མི་༤༠༠༠་མ་ཟིན་ཙམ་ལ་འཆི་སྐྱོན་བྱུང་། འདི་ནི་འཛམ་གླིང་འདིར་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་སྟེ་བྱུང་མྱོང་མེད་པའི་ཚད་གཞི་མཐོ་ཤོས་སུ་བསླེབས་པ་ཞིག་རེད་ཅེས་གསལ་བསྒྲགས་སྤེལ་ཡོད་པའི་སྐོར། རྒྱ་གར་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG