ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༢༣

རྒྱ་ནག་གིས་ཨ་རིའི་དྲ་རྒྱའི་རང་དབང་ཐད་ཀྱི་གཏམ་བཤད་ལ་ཉེན་བརྡ།


རྒྱ་ནག་གིས་ཨ་རིའི་དྲ་རྒྱའི་རང་དབང་ཐད་ཀྱི་གཏམ་བཤད་ལ་ཉེན་བརྡ།
རྒྱ་ནག་གིས་ཨ་རིའི་དྲ་རྒྱའི་རང་དབང་ཐད་ཀྱི་གཏམ་བཤད་ལ་ཉེན་བརྡ།

ཨ་མི་རི་ཀས་མི་རྣམ་ལ་དྲ་རྒྱ་བེད་སྤྱོད་བྱེད་རྒྱུ་རང་དབང་དགོས་ལུགས་བཤད་དེ་རྒྱལ་ཁབ་གཞན་གྱི་ཐོག་ལ་ཐེ་ཇུས་བྱེད་ཐབས་བྱེད་རྒྱུ་ཡོད་མ་རེད་ཅེས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་ཉེན་བརྡ་ཞིག་བཏང་ཡོད་པ་དང་། ཉེན་བརྡ་དེ་ནི་ཁ་ཉིན་གཟའ་མིག་དམར་ཉིན་མོ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ ལྕམ་Clinton མཆོག་གིས་རྒྱལ་ས་ཝ་ཤིང་ཀྲོན་ནང་དུ་སློབ་གྲ་ཆེན་མོ་ཞིག་ལ་གསུང་བཤད་གནང་བའིི་སྐབས་སུ་ སྲིད་འཛིན་ ཨོའོ་བྷ་མ་སྲིད་གཞུང་ནས་འཛམ་གླིང་གི་མི་མང་ལ་དྲ་རྒྱ་རང་དབང་གི་ཐོག་ནས་བེད་སྤྱོད་བྱེད་རྒྱུ་ཡོང་བ་དང་དྲ་རྒྱ་བཀག་འགོག་བྱེད་མཁན་ཁག་མེད་པ་བཟོ་ཐབས་སུ་འབད་བརྩོན་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་དེ་ཚོ་བསྐྱར་བརྗོད་གནང་ཡོད་པ་ དེ་ལ་བརྟེན་ནས་བཏང་བ་ཞིག་ཡིན་པ་རེད།

XS
SM
MD
LG