ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༢༣

ཀུན་གླེང་གསར་འགྱུར། ༢༠༢༤ ཟླ་༡༠ ཚེས་༢༢


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱིས་རྒྱལ་སྤྱིའི་སྟེང་བོད་དོན་ལངས་ཕྱོགས་གསལ་པོར་སྟོན་དགོས་ཞེས་གསུངས་སྐོར་དང་། ཨ་རིའི་སྐུ་ཚབ་ལེ་བྷ་ནོན་གྱི་གྲོས་ཚོགས་ཚོགས་གཙོ་དང་མཇལ་འཕྲད། ཨ་རི་ཛོ་ནའི་མི་འབོར་གྱི་འགྱུར་བས་སྲིད་འཛིན་འོས་བསྡུར་ཤུགས་རྐྱེན་སོགས་ཡོད། ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་འདི་གའི་གསར་འགོད་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་ཆིན་ཀཱང་གར་སོང་ཆ་མེད་ཆགས་པའི་གསང་བ་ཕྱིར་བརྟོལ་བའི་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན།།

XS
SM
MD
LG