ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༡/༢༦

བྷངྒ་ལ་དེཤའི་ཡུ་ནུས་ཡིས་ཆིག་བསྒྲིལ་དགོས་པའི་འབོད་བསྐུལ་བྱས།


ནོ་བྷེལ་ཞི་བའི་གཟེངས་རྟགས་བཞེས་མཁན་དགུང་ལོ་༨༤ཡིན་པ་ཡུ་ནུས།
ནོ་བྷེལ་ཞི་བའི་གཟེངས་རྟགས་བཞེས་མཁན་དགུང་ལོ་༨༤ཡིན་པ་ཡུ་ནུས།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ནོ་བྷེལ་ཞི་བའི་གཟེངས་རྟགས་བཞེས་མཁན་དགུང་ལོ་༨༤ཡིན་པ་ཡུ་ནུས་བདུན་ཕྲག་འདིར་བྷངྒ་ལ་དེཤའི་བར་བརྒལ་སྲིད་གཞུང་བཟུང་རྒྱུར་ཡོ་རབ་ནས་རང་ཡུལ་ལ་ཕྱིར་ལོག་གནང་འདུག་པ་དང་། ཁོང་གིས་ཡུལ་ཁྲིམས་སྐྱོང་དགོས་པ་དང་ཆབས་ཅིག རྒྱལ་ཁབ་ནང་བཅོས་བསྒྱུར་གནང་དགོས་ཀྱི་ཡོད། ཁོང་གིས་གསར་འགོད་བ་ཚོར་ང་ཚོའི་འགན་དེ་བྷངྒ་ལ་དེཤ་གསར་དུ་འཛུགས་བསྐྲུན་བྱེད་དགོས་པ་དེ་ཡིན་ཞེས་གསུངས་འདུག

བཙན་དབང་ཅན་གྱི་སྲིད་བློན་ཟུར་པ་ཧ་སི་ནའི་གཞུང་མེད་པ་གྱུར་རྗེས་གྲངས་ཉུང་ཧིན་རྡུ་མི་རིགས་ཚོར་བཙན་གནོན་བྱས་པའི་གནས་ཚུལ་ཁ་ཤས་བྱུང་ཡོད་པ་དེར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་བྷངྒ་ལ་དེཤ་གཉིས་ནང་བློ་འཚབ་བྱེད་དགོས་གྱུར་འདུག

བར་བརྒལ་སྲིད་སྐྱོང་ཡུ་ནུས་བྷངྒ་དེཤ་བྱང་ཕྱོགས་གྲོང་ཁྱེར་རང་པུར་ལ་སློབ་ཕྲུག་ཚོས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཉེན་རྟོགས་པས་བསད་པའི་སློབ་ཕྲུག་ཨུ་བུ་ས་ཡེཏ་ཀྱི་སྐྱེས་མ་ལ་ཐུགས་གསོ་གནང་དུ་ཕེབས་ནས་ཆོས་ལུགས་འདྲ་མིན་དབར་ཁྱད་པར་བཟོ་རྒྱུ་མེད། ཨ་བུ་ས་ཡེཏ་ཚང་མའི་སེམས། ཡང་ན་ཁྱིམ་ནང་ཡོད་རེད། ཁོང་གི་བསམ་དོན་ཚང་མས་འགྲུབ་ཐུབ་དགོས་ཀྱི་རེད། ཆོས་ལུགས་འདྲ་མིན་ལ་ཁྱད་པར་ཡོད་མ་རེད་ཅེས་གསུངས་འདུག

ཕྱི་ཟླ་བདུན་པའི་ནང་ཧ་སི་ནའི་གཞུང་ལ་ངོ་རྒོལ་བྱེད་མཁན་ལ་ཉེན་རྟོག་བས་མེ་མདའ་བརྒྱབས་ནས་ལོ་༢༥ཡིན་པ་ས་ཡེཏ་བསད་རྗེས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་རུ་སོང་ནས་མཐར་ཧ་སི་ནའི་གཞུང་མེད་པར་གྱུར། ས་ཡེཏ་ཀྱི་སྐྱེས་མ་ལ་ཡུ་ནེས་དང་བར་བརྒལ་གཞུང་གི་བློན་ཆེན་ཁ་ཤས་ཀྱིས་ཐུགས་གསོ་གནང་དུ་ཕེབས་འདུག ཐུགས་གསོ་གནང་དུ་ཕེབས་མཁན་གྲས་སུ་དགུང་ལོ་ ༢༦ ཡིན་པ་བློན་ཆེན་ན་ཧིཏ་ ཨིས་ལམ་ཡོད་པ་དང་། ཁོང་ནི་ཉེན་རྟོག་པས་བསད་ཟིན་པ་དེའི་མཉམ་དུ་གཞུང་ལ་ངོ་རྒོལ་བྱེད་མཁན་ཁོངས་སུ་ཡོད་པ་རེད།

ཧ་སི་ནའི་དུས་ཀྱི་རྒྱལ་ཡོངས་ཉེན་རྟོག་སྤྱི་ཁྱབ་དང་དབུས་དངུལ་ཁང་གི་སྤྱི་ཁྱབ་གཉིས་ལས་མཚམས་བཞག་ཡོད་པ་མ་ཟད། རེས་གཟའ་སྤེན་པ་ཉིན་ཆེས་མཐོའི་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་དཔོནཆེན་མོ་ཨ་བྷེ་ཡ་དྷུལ་ཧ་སན་ལས་གནས་ནས་དགོངས་ཞུ་བྱེད་དགོས་གྱུར་འདུག

ཧ་སེན་ནི་དམག་འཁྲུག་སྐབས་ཁྲིམས་ལ་རྩིས་མེད་བཟོས་ཡོད་པའི་གནད་དོན་ལ་ཁྲིམས་བཤེར་ཚོགས་ཆུང་བཙུག་མཁན་དང་ཧ་སི་ནའི་ཅི་གསུངས་བྱེད་མཁན་གཅིག་རེད། ཧ་སི་ནའི་གཞུང་མེད་པར་གྱུར་རྗེས་མི་འབོར་མང་པ་ཁ་ཆེའི་ཆོས་དད་པ་ཁ་ཤས་ཀྱིས་ཧིན་དྷུ་ཚོང་པ་ཁ་ཤས་ལ་ཉེས་རྡུང་བཏང་འདུག་པ་དང་། དེ་ཚོ་ནི་ཧ་སི་ནའི་རྒྱབ་སྐྱོར་བྱེད་མཁན་ཡིན་པའི་གནས་ཚུལ་འདུག བྷངྒ་ལ་དེཤ་ནང་ཧིན་དྷུའི་མི་འབོར་བརྒྱ་ཆ་བརྒྱད་ཡིན་ཅིང་། ཧིན་དྷུ་མང་པོ་རྒྱ་གར་གྱི་ས་མཚམས་ལ་འབྱོར་ཡོད་པ་དང་། འབར་བརྒལ་གཞུང་གི་ལས་ཀ་གཙོ་བོ་དེ་བདེ་འཇགས་འགན་སྲུང་བཟོ་རྒྱུ་དེ་ཡིན་ཞེས་བར་བརྒལ་སྲིད་སྐྱོང་བའི་གསུངས་འདུག

རྒྱ་གར་གྱི་སྲིད་བློན་ན་རན་རྡ་ར་མོ་དྷིས་རེས་གཟའ་ཕུར་བུ་ཉིན་བྷངྒ་ལ་དེཤ་གཞུང་ལ་ཧིན་དྷུ་དང་གྲངས་ཉུང་ཚོ་སྲུང་སྐྱོབ་བྱ་རྒྱུ་མ་འཕྱུག་པ་གནང་དགོས་པའི་འབོད་སྐུལ་གནང་འདུག

ཨེ་ཨེཕ་པི་གསར་ཁང་ནས་བཏུས།
གསར་འགོད་པ། རྒྱ་རིན་རྡ་རྗེ་ཐོགས་མེད།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG