ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཇེ་ཌི་ཝན་སི་མཆོག་པེ་རེ་སི་རུ་འཚོགས་འཆར་ཡོད་པའི་མི་བཟོས་བཅོས་རིག་གི་ལྷན་ཚོགས་ཐོག་ཏུ་ཕེབས་འཆར་ཡོད་པ།
གཟའ་ཉི་མ། ༢༠༢༥/༠༤/༡༣

ཇེ་ཌི་ཝན་སི་མཆོག་པེ་རེ་སི་རུ་འཚོགས་འཆར་ཡོད་པའི་མི་བཟོས་བཅོས་རིག་གི་ལྷན་ཚོགས་ཐོག་ཏུ་ཕེབས་འཆར་ཡོད་པ།


ཨ་རིའི་སྲིད་འཛིན་གཞོན་པ་ཇེ་ཌི་ཝན་སི་མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་གནང་སྐབས། ༢༠༢༥ ལོའི་སྤྱི་ཟླ་༢ པའི་ཚེས་༤ ཉིན།
ཨ་རིའི་སྲིད་འཛིན་གཞོན་པ་ཇེ་ཌི་ཝན་སི་མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་གནང་སྐབས། ༢༠༢༥ ལོའི་སྤྱི་ཟླ་༢ པའི་ཚེས་༤ ཉིན།

ཨ་རིའི་སྲིད་འཛིན་གཞོན་པ་ཇེ་ཌི་ཝན་སི་མཆོག་བདུན་ཕྲག་རྗེས་མའི་གཟའ་ཟླ་བ་དང་མིག་དམར་ཉིན་ལ་ཧྥ་རན་སིའི་རྒྱལ་ས་པེ་རེ་སི་རུ་འཚོགས་འཆར་ཡོད་པའི་མི་བཟོས་བཅོས་རིག་གི་ལྷན་ཚོགས་ཐོག་ཏུ་ཕེབས་རྒྱུ་ཡིན་པ་དང་། དེ་ནི་ཁོང་སྲིད་འཛིན་གཞོན་པའི་ལས་འཁུར་བཞེས་རྗེས་ཕྱིའི་རྒྱལ་ཁབ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ་ཐེངས་དང་པོ་ཆགས་རྒྱུ་ཡིན་པ་རེད། ཉིན་གྲངས་གཉིས་རིང་གི་བཅོས་རིག་ལྷན་ཚོགས་དེའི་ཐོག་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་མཐོ་རིམ་དཔོན་པོ། དེ་བཞིན་འཕྲུལ་རིག་བཟོ་ཚོང་ཁང་གི་འགན་འཛིན་དང་མི་བཟོས་བཅོས་རིག་ཐད་ཀྱི་མི་སྣ་གལ་ཆེན་མང་དག་ཅིག་མཉམ་ཞུགས་གནང་འཆར་ཡོད་པ་དང་། ཚོགས་ཆེན་དེར་འཛམ་གླིང་ཁྱོན་ཡོངས་ནས་དོ་སྣང་ཆེན་པོ་སླེབས་བཞིན་པ་རེད།

གནས་ཚུལ་ཐོན་པ་ལྟར་ན་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་རྒྱུན་ལས་དང་སྲིད་བློན་གཞོན་པ་ཏིང་ཤའེ་ཤང་ཡང་ཚོགས་འདུ་དེའི་ཐོག་ལ་བཅར་རྒྱུ་རེད་འདུག བཅོས་རིག་དང་འབྲེལ་བའི་ཚོགས་ཆེན་དེ་ནི་ཧྥ་རན་སི་དང་རྒྱ་གར་གཉིས་ཀྱིས་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་པ་ཞིག་ཡིན་སྟབས། ཧྥ་རན་སིའི་སྲིད་འཛིན་མཱ་ཁེ་རུང་དང་རྒྱ་གར་གྱི་སྲིད་བློན་མོ་ཌི་རྣམ་གཉིས་ཀྱིས་ཚོགས་འདུ་དེ་ལ་གཙོ་སྐྱོང་གནང་རྒྱུ་རེད་འདུག གོང་འཁོད་ལྷན་ཚོགས་དེས་ཧྥ་རན་སི་ལ་མི་བཟོས་བཅོས་རིག་འགྲེམ་སྟོན་བྱེད་སའི་གོ་སྐབས་དང་སྡིངས་ཆ་ལེགས་པོ་ཞིག་མཁོ་སྤྲོད་བྱ་ཐུབ་རྒྱུ་ཡིན་པ་དང་། ད་ཕན་ཧྥ་རན་སི་ལ་མི་བཟོས་བཅོས་རིག་དང་འབྲེལ་བའི་ཚོང་ལས་སྡེ་ཚན་ ༧༥༠ ལྷག་ཡོད་ཅེས་ཧྥ་རན་སིའི་དཔོན་རིགས་ཀྱིས་བརྗོད་འདུག

གླེང་སྟེགས།

XS
SM
MD
LG