ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཛེ་ལན་སི་ཀིའི་ཉེན་བརྡ་དང་ཊམ་གྱི་རེ་སྐུལ།
གཟའ་ཕུར་བུ། ༢༠༢༥/༠༤/༡༠

ཛེ་ལན་སི་ཀིའི་ཉེན་བརྡ་དང་ཊམ་གྱི་རེ་སྐུལ།


ཛེ་ལེན་སི་ཀིས་སུད་སིའི་གྲོང་ཁྱེར་དྷ་ཝོ་ལ་འཚོགས་པའི་དཔལ་འབྱོར་གླེང་སྟེངས་ཐོག་གཏམ་བཤད་གནང་བ།
ཛེ་ལེན་སི་ཀིས་སུད་སིའི་གྲོང་ཁྱེར་དྷ་ཝོ་ལ་འཚོགས་པའི་དཔལ་འབྱོར་གླེང་སྟེངས་ཐོག་གཏམ་བཤད་གནང་བ།

སྤྱི་ཟླ་དང་པོའི་ཚེས་ ༢༢ ཏེ་རེས་གཟའ་མིག་དམར་ཉིན་ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་ཡིས། ཨུ་རུ་སུ་དང་མཉམ་དུ་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་འཇོག་དགོས་ཚེ། ཡུག་ཁེ་རན་གྱི་བདེ་འཇགས་ལ་སྲུང་སྐྱོབ་ཆེད་དུ་ཉུང་མཐར་ཡུ་རོབ་ཀྱི་ཞི་བདེ་སྲུང་སྐྱོབ་དམག་མི་་་འབུམ་གཉིས་ཙམ་་ཡུཀ་རེན་དུ་བཞག་དགོས་པ་བརྗོད་འདུག ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ལས་དུས་གཉིས་པ་འགོ་ཚུགས་ནས་ཉིན་གཉིས་པར། ཛེ་ལེན་སི་ཀི་ཡིས་སུད་སིའི་གྲོང་ཁྱེར་Davos ལ་འཚོགས་པའི་དཔལ་འབྱོར་གླེང་སྟེངས་ཤིག་གི་ཐོག་ཏུ་ཡུ་རོབ་ཀྱིས་རང་ཉིད་ལ་བདག་གཅེས་བྱ་དགོས་པ་དང་། དེང་སང་ཨུ་རུ་སུ་ནི་མིའི་ཚེ་སྲོག་ལ་རིན་ཐང་སྤྲད་ཀྱི་མེད་པའི་རྒྱལ་ཁབ་བྱང་ཀོ་ར་ཡ་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་། རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་འདིས་ནམ་ཡིན་རུང་ཁྱིམ་མཚེས་རྒྱལ་ཁབ་ཚོ་ལ་སྡིགས་སྐུལ་བཙན་འཛུལ་བྱེད་འདོད་ཡོད་པ་རེད། དེ་བས་དམག་འཁྲུག་མཚམས་འཇོག་མ་ཡོང་བར་དུ་ཡུག་ཀེ་རན་ལ་སྲུང་སྐྱོབ་ཡག་ཤོས་ནི་ནུབ་ཆིངས་ཁོངས་སུ་འཛུལ་ཞུགས་བྱ་འཇུག་རྒྱུ་དེ་རེད་ཅེས་བརྗོད་འདུག

དེ་ཡང་རེས་གཟའ་མིག་དམར་གྱི་ཕྱི་དྲོར་ཨ་རིའི་སྲིད་འཛིན་ཊམ་མཆོག་གིས་གསར་འགོད་པ་ཚོར་ཨུ་ཡུག་དམག་འཁྲུག་དང་། མེག་སི་ཁོ་དང་། ཁ་ན་ཌ། རྒྱ་ནག་ལ་དམིགས་པའི་སྒོ་ཁྲལ། དེ་བཞིན་རྒྱ་ནག་གི་མཉེན་ཆས་ཊིག་ཊོག་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་སྐབས། ཁོང་གིས་ད་ལྟ་ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་དང་གྲོས་མོལ་བྱེད་བཞིན་པ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་ཡང་གང་མགྱོགས་གྲོས་མོལ་བྱ་རྒྱུའི་རེ་བ་ཡོད། ལོ་གསུམ་ཙམ་རིང་གི་བཙན་འཛུལ་དམག་འཁྲུག་དེ་ངེས་པར་དུ་མཚམས་འཇོག་བྱ་དགོས་པ་ནན་གསུང་གནང་ཡོད་པ་མ་ཟད། གལ་ཏེ་ཁོང་དེ་སྔོན་སྲིད་འཛིན་ཡིན་ན་ཨུ་རུ་སུ་དང་ཡུག་ཀེ་རན་བར་གྱི་དམག་འཁྲུག་དེ་རྩ་བ་ཉིད་ནས་ལངས་མི་སྲིད་པ་རེད་ཅེས་གསུངས་འདུག

གླེང་སྟེགས།

XS
SM
MD
LG