ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཀེ་པི་ ཤརྨ་ ཨོ་ལི་བལ་ཡུལ་སྲིད་བློན་གྱི་འགན་འཁུར་ལེན་རྒྱུ།


K.P. Sharma Oli will become prime minister as says Nepali Congress
K.P. Sharma Oli will become prime minister as says Nepali Congress

ཀེ་པི་ ཤརྨ་་ཨོ་ལི་བལ་ཡུལ་སྲིད་བློན་གྱི་འགན་འཁུར་ལེན་རྒྱུ།

༄༅། །གཟའ་འཁོར་སྔོན་མར་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཆེ་ཤོས་གཉིས་པ་དམར་ཤོག་ཚོགས་པས་སྲིད་བློན་ཀ་མལ་རྡ་ཧལ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་ཡོད་ཅིང་། རེས་གཟའ་མིག་དམར་ཉིན་ཚོགས་པ་དེས་དེ་སྔའི་དགྲ་ཁ་གཏད་ནེ་པ་ལི་ཀོང་རེས་དང་མནའ་སྦྲེལ་མཐུན་ཚོགས་བྱེད་རྒྱུར་ཐག་གཅོད་བྱས་ནས་སྲིད་དོན་ཚོགས་པ་དེ་གཉིས་ཀྱིས་རྒྱལ་ཡོངས་འོས་བསྡུའི་སྔོན་གྱི་གཞུང་འཛིན་གྱི་ལས་དུས་ལྷག་འཕྲོས་ལོ་གསུམ་ཡོད་པ་དེ་རྒྱུན་འཁྱོངས་བྱ་རྒྱུར་མོས་མཐུན་བྱས་འདུག

ཀཐ་མན་ཌུ་པོསྜ་ཅེས་པའི་ཉིན་རེདའི་གསར་ཤོག་གིས་གནས་ཚུལ་སྤེལ་བའི་ནང་ ནེ་པ་ལི་ཀོང་རེས་སྲིད་དོན་ཚོགས་པས་ཡུལ་གྱི་རྩ་ཁྲིམས་དོན་ཚན་༧༦པའི་ནང་གསེས་གཉིས་པ་གཞིར་བཟུང་མནའ་འབྲེལ་མཉམ་སྦྲེལ་གྱི་གཞུང་གསར་པ་འཛུགས་རྒྱུ་ཡིན་པ་དང་། སྲིད་བློན་གྱི་འོས་མིར་སྐུ་ཞབས་ཀེ་པི་ཤརྨ་ཨོ་ལི་བསྐོ་གཞག་བྱ་རྒྱུ་ཡིན་ཞེས་གསལ་སྒྲགས་བྱས་འདུག

རེས་གཟའ་ཟླ་བའི་ཉིན་ཚོགས་པ་དེ་གཉིས་ཀྱིས་གྲོས་མཐུན་བཞག་པའི་ནང་འབྱུང་འགྱུར་གཞུང་འཛིན་ལས་དུས་ལོ་གསུམ་གྱི་འཕྲོས་ནས་ལོ་གཅིག་དང་ཕྱེད་ཀའི་རིང་སྐུ་ཞབས་ཀི་པི་ཨོ་ལི་ཡིས་སྲིད་བློན་གྱི་འགན་བཞེས་རྒྱུ་དང་། དེ་འཕྲོས་ལོ་གཅིག་དང་ཕྱེད་ཀའི་རིང་གི་སྲིད་བློན་གྱི་འགན་འཁུར་དེ་སྐུ་ཞབས་རྡུ་བྷས་བཞེས་ཀྱི་རེད་ཅེས་བཤད་པ་ལས གྲོས་མཐུན་དེའི་ནང་དོན་གཞན་ཇི་ཡིན་གང་ཡང་ཕྱིར་བསྒྲགས་བྱས་མེད་པ་རེད། འོན་ཀྱང་སྲིད་བློན་པུཤ་པ་ ཀ་མལ་རྡ་ཧལ་ལམ་པྲ་ཅནྟའི་ཕྱག་སྦྲེལ་ཚོས་གཞུང་གསར་འཛུགས་ཀྱི་བརྒྱུད་རིམ་དེ་རྩ་ཁྲིམས་ཀྱི་དོན་ཚན་༧༦ གི་ནང་གསེས་༢ པ་མིན་པར་ནང་གསེས་༣པའི་འོག་བྱེད་དགོས་ཀྱི་རེད་ཅེས་རྩོད་གླེང་བྱེད་ཀྱི་ཡོད་པ་རེད། རྒྱུ་མཚན་ནི་སྲིད་བློན་པུཤ་པ། ཀ་མལ་རྡ་ཧལ་གྱི་གཞུང་དེ་རྩ་ཁྲིམས་དོན་ཚན་༧༦པའི་ནང་གསེས་༣འོག་བཙུགས་པར་བརྟེན་གཞུང་གསར་པ་དེ་ཡང་རྩ་ཁྲིམས་ཀྱི་དོན་ཚེན་༧༦གྱི་ནང་གསེས་༣པ་གཞིར་བཟུང་གསར་འཛུགས་བྱེད་དགོས་ཀྱི་རེད་ཅེས་མཛུབ་འདོན་བྱེད་ཀྱི་ཡོད་པ་རེད།

གལ་སྲིད་གཞུང་གསར་པ་དེ་བཞིན་རྩ་ཁྲིམས་ཀྱི་དོན་ཚན་༧༦ ནང་གསེས་གསུམ་པའི་འོག་གཞུང་བཟུང་བ་ཡིན་ན་གྲོས་ཚོགས་འོག་མའི་ནང་གི་འཐུས་མིའི་གྲངས་འབོར་མང་ཤོས་དེས་སྲིད་བློན་འདེམས་དགོས་ཀྱི་ཡོད་པས་གནས་སྟངས་དེའི་འོག་སྐུ་ཞབས་དྷུ་བྷེ་གྲོས་ཚོགས་ནང་འཐུས་མི་གྲངས་མང་གི་འགོ་ཁྲིད་ཡིན་པར་བརྟེན་ཁོང་སྲིད་བློན་ཆགས་དགོས་ཀྱི་ཡོད། དེ་ལྟར་ནའང་། རྩ་ཁྲིམས་མཁས་དབང་འགའ་ཤས་ཀྱིས་རྩ་ཁྲིམས་ཀྱི་དོན་ཚན་༧༦ནང་གསེས་གཉིས་པའི་འབྲུ་དོན་གཞིར་བཟུང་སྲིད་གཞུང་གསར་པ་བཙུགས་ནའང་འགྲིགས་ཀྱི་རེད་ཅེས་བརྗོད་ཀྱི་ཡོད་པ་རེད།

འཐུས་མི་ ༢༧༥ ཡོད་པའི་བལ་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་སྐུ་ཞབས་དྷ་ཧལ་ལ་གྲོས་ཚོགས་འཐུས་མི་ ༡༣༨ ཀྱི་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་པ་དང་། ད་ལྟའི་ཆར་ཁོང་ལ་དངོས་སུ་རྒྱབ་སྐྱོར་གནང་མཁན་འཐུས་མི་༧༣ལས་མེད།

གསར་འགོད་པ། པདྨ་བདེ་ཆེན།

གླེང་སྟེགས།

XS
SM
MD
LG