བོད་ཀྱི་ན་གཞོན་གླུ་བ་མགར་བསམ་འགྲུབ་ཚེ་རིང་གིས་ཕྱི་ལོ་༢༠༡༣་ལོར འདོན་སྤེལ་བྱས་པའི་ ཚེ་འབར་གྱི་མར་མེ་ཞེས་པའི་གླུ་གཞས་ཀྱི་འོད་སྡེར་དེ། ཆབ་སྲིད་དང་འབྲེལ་བ་ཡོད་ལུགས་རྒྱ་ནག་གཞུང་གིས་བརྗོད་དེ། བོད་ཁུལ་གྱི་ཚོང་ ཁང་རེ་རེ་བཞིན་ལ་ཉེན་རྟོག་པ་ཆེད་གཏོང་བྱས་ཏེ། ཚོང་འགྲེམས་བྱེད་མི་ཆོག་པའི་ དམ་དྲག་དང་བཀག་སྡོམ་བྱས་ཡོད་པའི་སྐོར་བྱང་ཆུབ་སྒྲོལ་མས་སྙན་སྒྲོན་ཞུས་པ་ ཞིག་གསན་གྱི་རེད།